རྒྱལ་ལམ318ཀྱི་འབྲི་ཆུའི་ཟམ་ཆེན་དུ་རླངས་འཁོར་ཤར་གཏོང་ཐུབ་པ་བྱུང་།

        2018-12-06

རྒྱལ་ལམ318ཀྱི་འབྲི་ཆུའི་ཟམ་ཆེན་དུ་རླངས་འཁོར་ཤར་གཏོང་ཐུབ་པ་བྱུང་།

སྤྱི་ཟླ12པའི་ཚེས5ཉིན་གྱི་ཕྱི་དྲོར། འགྲིམ་འགྲུལ་སྐྱེལ་འདྲེན་ཁང་ནས་ཤེས་རྟོག་བྱུང་བ་ལྟར་ན། དྲག་ཆས་ཉེན་རྟོག་དཔུང་སྡེ་ཞིག་གི་ཡན་ལག་རུ་ཁག་གསུམ་པ་དང་སི་ཁྲོན་ལམ་ཟམ་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་གྱིས་ཉིན་བཅུ་གཉིས་རིང་གི་ཉིན་མཚན་ལྟོས་མེད་ཀྱིས་འབད་འཐབ་བྱས་པ་བརྒྱུད། རྒྱལ་ལམ318ཀྱི་འབྲི་ཆུའི་ཟམ་ཆེན་གྱི་ལྕགས་ཟམ་ཟམ་གདན་བདེ་བླགས་ངང་ལེགས་འགྲུབ་བྱུང་སྟེ་རླངས་འཁོར་ཤར་གཏོང་ཐུབ་པ་བྱས་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། འབྲི་ཆུའི་ཟམ་ཆེན་ལེགས་འགྲུབ་བྱུང་བ་འདིས་རྒྱལ་ལམ318ཀྱི་ཁྲོན་བོད་གཞུང་ལམ་སླར་གསོ་ཐུབ་པ་བྱུང་ཞིང་། སི་ཁྲོན་དང་བོད་ལྗོངས་ས་ཆའི་མི་དམངས་མང་ཚོགས་ལ་སྟབས་བསྐྲུན་ཡོད་ལ། འབྲི་ཆུའི་པད་དགེ་མཚེའུ་ཡི་གནོད་ཐེབས་བསྐྱར་འཛུགས་ཀྱི་ལས་གཞི་ཞིག་ཀྱང་ཡིན་པ་རེད། འབྲི་ཆུའི་ལྕགས་ཟམ་འདི་བདེ་འཇགས་འགན་ལེན་བྱ་ཆེད། ཡུལ་དངོས་ནས་ལྕགས་ཟམ་འདི་ཉིད་བདེ་འཇགས་རྒྱུ་སྤུས་དང་ཟམ་ཆེན་གྱི་མཐུད་མཚམས་སོ་སོའི་དོན་དངོས་གྱི་གནས་ཚུལ་དག་ལ་ཞིབ་བཤེར་བྱས་ཤིང་། དེ་རིང་སྟེ་སྤྱི་ཚེས6ཉིན་གྱི་ཕྱི་དྲོར་འབྲི་ཆུའི་ཟམ་ཆེན་འདི་ཉིད་ཀྱི་སྟེང་ནས་རླངས་འཁོར་ཆུང་བའི་རིགས་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།

ཨོ་རྒྱན་གྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:མཚོ་སྔོན་གྱིས་དེང་རབས་ཚན་རྩལ་ལ་བརྟེན་ནས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་གཏོང་བར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:ཐང་བོད་གནའ་ལམ་གྱི་རིག་དངོས་འགྲེམས་སྟོན་མཚོ་སྔོན་དུ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10