ད་ལོར་རང་ཁུལ་གྱིས་རྫོང(གྲོང་ཁྱེར)5དབུལ་ཐར་ནས་དབུལ་པོའི་ཞྭ་མོ་ཕུད་རྒྱུར་ཁུལ་རིམ་པའི་ཞིབ་བཤེར་ཚད་ལོན་བྱུང་།

བདེ་སྐྱིད་ཀྱིས་བསྒྱུར།        2018-12-06

     ཉེ་ཆར། གསར་འགོད་པས་ཁུལ་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་རིམ་པའི་ཞིབ་བཤེར་རྩིས་ལེན་ཚོ་ཆུང་གིས་ཐོག་མའི་ཞིབ་བཤེར་རྩིས་ལེན་བྱས་པར་བརྒྱུད། དར་མདོ་དང་རོང་བྲག བརྒྱད་ཟིལ། ཕྱག་ཕྲེང་། འདབ་པ་བཅས་རྫོང﹙གྲོང་ཁྱེར﹚5ཕྱོགས་བསྡུས་དབུལ་པོ་ཐོན་ཚད་བརྒྱ་ཆ3ལས་དམའ་བ། ཚང་མས་ཕལ་ཆེར་དབུལ་ཐར་ཏེ་དབུལ་པོ་ཞྭ་མོ་ཕུད་རྒྱུའི་བླང་བྱར་སླེབས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2018ལོར་དར་མདོ་དང་རོང་བྲག བརྒྱད་ཟིལ། ཕྱག་ཕྲེང་། འདབ་པ་བཅས་རྫོང﹙གྲོང་ཁྱེར﹚5དབུལ་པོ་ཕྱིར་འཐེན་ལས་དོན་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་ཆེད། ཁུལ་རིམ་པའི་ཐོག་མར་ཞིབ་བཤེར་རྩེས་ལེན་བྱེད་མཁན་ཚོ་ཆུང་གིས་ཁག་བགོས་ཏེ་རྫོང﹙གྲོང་ཁྱེར﹚5ལ་ཕྱིན་ནས་སྙན་ཞུར་ཉན་པ་དང་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་བྱས་པ། དུད་ཚང་དུ་བཅར་འདྲི་བཅས་ཀྱི་བྱེད་སྟངས་སྤྱད་ནས་ཁུལ་རིམ་པའི་ཐོག་མའི་ཞིབ་བཤེར་རྩིས་ལེན་བྱས་པ་དང་། ད་ལོའི་དབུལ་པོ་ཞྭ་མོ་ཕུད་པའི་རྫོང་ཁག་གིས་དབུལ་པོ་ནས་ཕྱིར་འཐེན་རྒྱུར་ཁྱོན་ཡོངས་ནས་རྒྱུན་འཁྱོངས་མཐར་ཕྱིན་བྱ་རྒྱུ་ལྔ་དང་དོན་འཁྱོལ་བྱ་རྒྱུ་ལྔ་ཞིབ་བཤེར་བྱས་ཤིང་། ཐོག་མའི་སྣོལ་མ་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཞིབ་བཤེར་རྩིས་ལེན་དེ་གནད་ལ་འཁེལ་བ་དང་འགན་སྲུང་བྱ་རྒྱུར་འགན་ལེན་ཏན་ཏིག་བྱས་པ་དང་། གནད་དུ་མི་འཁེལ་ས་མི་འཇོག་པ་རྒྱུན་འཁྱོངས་བྱས་ནས་བཅར་འདྲི་ཁྱབ་ཚད་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས་པ། མིག་དཔེ་ལྟ་རེས་དང་དགེ་མཚན་གསབ་རེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྐུལ་འདེད་ལས་ཀ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱས་པ། ཚང་བཤེར་ཆད་གསབ་བྱ་རྒྱུར་རྒྱུན་འཁྱོངས་བྱས་ནས་གནད་དོན་གནད་དུ་འཁེལ་བར་དག་ཐེར་ལེགས་བཅོས་བྱ་རྒྱུར་འགན་ལེན་བྱས་པ། རྒྱལ་ཁབ་ཞིབ་བཤེར་གྱི་བླང་བྱ་རྒྱུན་འཁྱོངས་བྱས་ནས་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས་པ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཆུ་གློག་ལྷག་མ་ཕྱིར་གཏོང་ཐོན་ལས་ཀྱི་དཔེ་སྟོན་ཁུལ་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གི་སྤྱིལ་ཁང་ཤིང་ཏོག་དང་སྔོ་ཚལ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བརྙན་ལམ་དུ་བསྟན།
  • དོ་སྣང་ཆེ་བའི་རྩོམ།