གསར་འགྱུར་གནད་བསྡུས།

དབྱངས་ཅན་གྱིས་བསྒྱུར།        2018-12-05

    ༄༅།། སྤྱི་ཟླ11པའི་ཚེས30ཉིན། རང་ཁུལ་གྱིས2019ལོའི་ཏང་གི་ཚགས་པར་དང་དུས་དེབ་མངག་ཉོ་འགྲེམ་སྤེལ་མཐུན་སྦྱོར་གྲོས་ཚོགས་འཚོགས་ཏེ་གནས་བབ་གསར་པའི་འོག་ཏང་གི་ཚགས་པར་དང་དུས་དེབ་འགྲེམ་སྤེལ་ལས་ཀ་ཡག་མོ་བསྒྲུབ་རྒྱུའི་དམིགས་བསལ་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་གཏོང་ཞིང་འདུ་ཤེས་བཞི་ཇེ་དྲག་ཏུ་བཏང་སྟེ《མི་དམངས་ཉིན་རེའི་ཚགས་པར》དང་《བདེན་འཚོལ།》དང་《སི་ཁྲོན་ཉིན་རེའི་ཚགས་པར།》《དཀར་མཛེས་ཉིན་རེའི་ཚགས་པར།》སོགས་གཙོ་གནད་ཀྱི་ཏང་གི་ཚགས་པར་དང་དུས་དེབ་འགྲེམ་སྤེལ་ལས་ཀ་ཡག་མོ་ཏན་ཏིག་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

    ༄༅།། སྤྱི་ཟླ11པའི་ཚེས30ཉིན། ལོ་འཁོར་ལ་ནས་ནག་གི་ཨ་རག་ཏུན700ཐོན་སྐྱེད་བྱེད་ཐུབ་པའི་དར་མདོ་གྲོང་ཁྱེར་ཨང་དང་པོ་ཨ་རག་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གི་ལུའུ་ཀྲོའུ་ཐོན་སྐྱེན་རྟེན་གཞི་དེ་ལུའུ་ཀྲོའུ་གྲོང་ཁྱེར་ལུའུ་རྫོང་ཡུན་ལུང་གྲོང་རྡལ་དུ་ཨར་ལས་གྲུབ་ནས་ཐོན་སྐྱེད་བྱེད་འགོ་བཙུགས་པ་རེད། མིག་སྔར་ཨང་དང་པོ་ཨ་རག་ལས་རིགས་སྤྱི་གཉེར་ཁང་དེས་དར་མདོ་གྲོང་ཁྱེར་གྱི་འགག་པ་ཤང་དང་ར་རྔ་ཁ་གྲོང་རྡལ་སོགས་ཤང་དང་གྲོང་རྡལ་དྲུག་དང་མཉམ་འབྲེལ་ནས་མུའུ་ཁྲིའི་ནས་འདེབས་དཔེ་སྟོན་རྟེན་གཞི་བཙུགས་པ་དང་ནས་ནག་མུའུ11000ཉོ་སྒྲུབ་བྱ་རྒྱུའི་གྲོས་གཞི་བཞག་པ་རེད།


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་གྱིས་དབུལ་སྐྱོར་གནད་སྨིན་གྱི་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་བཤམས་ཚོང་བྱེད་པའི་དམངས་ཕན་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཆུ་གློག་ལྷག་མ་ཕྱིར་གཏོང་ཐོན་ལས་ཀྱི་དཔེ་སྟོན་ཁུལ་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།