དར་མདོ་གྲོང་ཁྱེར་གྱིས་དབུལ་སྐྱོར་གནད་སྨིན་གྱི་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་བཤམས་ཚོང་བྱེད་པའི་དམངས་ཕན་བྱེད་སྒོ་སྤེལ།

དབྱངས་ཅན་གྱིས་བསྒྱུར།        2018-12-05

དར་མདོ་གྲོང་ཁྱེར་གྱིས་དབུལ་སྐྱོར་གནད་སྨིན་གྱི་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་བཤམས་ཚོང་བྱེད་པའི་དམངས་ཕན་བྱེད་སྒོ་སྤེལ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཚོགས་ཆེན་ཐོག་གི་གསུང་བཤད་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་། དར་མདོ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ་མ་སྐུལ་དང་བླངས་ཀྱིས་འགན་འཁྲི་ཕྲག་ཏུ་ཁུར་བ། སྲིད་གཞུང་གིས་ལས་སྟེགས་སྐྲུན་པ་དང་། ཁེ་ལས་ཀྱིས་དོན་དངོས་སྒྲུབ་པ། མི་སེར་ལ་ཕན་འབྲས་ཐོབ་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལྟར། དམངས་གཉེར་ཁེ་ལས་དབུལ་སྐྱོར་གནད་སྨིན་གྱི་ལས་ཀར་ཞུགས་པར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ་གཟི་བརྗིད་ཀྱི་བྱ་གཞག་ནང་ཞུགས་ནས།དབུལ་སྐྱོར་གནད་སྨིན་དང་ཁེ་ལས་ཁྲི་ཡིས་གྲོང་སྡེ་ཁྲི་ལ་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྤེལ། དར་མདོ་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཚོང་དོན་མ་དངུལ་གཏོང་འཇོག་སྐུལ་འདེད་ཅུས་ཀྱིས་སྣེ་ཁྲིད་པ་དང་། དར་མདོ་ཐེན་ལུང་གློག་ཆས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གིས་སྟོད་རྒྱུད་བཟོ་གྲྭའི་ཚོང་ཁང་གི་ཐོན་ཁུངས་ཕྱོགས་བསྡུས་ལེགས་སྒྲིག་བྱས་པར་བརྒྱུད། སྤྱི་ཟླ11པའི་ཚེས19ནས་ཚེས21ཉིན་གྱི་བར་སྐྱིད་ཐང་ས་ཁུལ་གྱི་ཤང་དང་གྲོང་རྡལ་གསུམ་ལ་གློག་ཆས་གྲོང་གསེབ་ཏུ་བཤམས་འཚོང་བྱེད་པའི་དབུལ་སྐྱོར་གནད་སྨིན་གྱི་དམངས་ཕན་བྱེད་སྒོ་སྤེལ་བ་རེད།

དར་མདོ་གྲོང་ཁྱེར་གྱིས་དབུལ་སྐྱོར་གནད་སྨིན་གྱི་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་བཤམས་ཚོང་བྱེད་པའི་དམངས་ཕན་བྱེད་སྒོ་སྤེལ།

    དར་མདོ་གྲོང་ཁྱེར་དཔལ་འབྱོར་ཚོང་དོན་མ་དངུལ་གཏོང་འཇོག་སྐུལ་འདེད་ཅུས་ཀྱི་འགན་ཁུར་མི་སྣས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གི་སྔར་ནས་ད་བར་དུ་འཛིན་པའི་བྱེད་ཕྱོགས་ཡིན་ལ།དར་མདོ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་མཐའ་ཐུག་གི་གཡོལ་མེད་ཇུས་ཆེན་ཡང་ཡིན་པ་རེད། ཕུལ་བྱུང་གི་ཁེ་ལས་ཞིག་ལ་མཚོན་ན་འཕེལ་རྒྱས་གཏོང་བ་དང་སྦྲགས། སྤྱི་ཚོགས་ཀྱི་ལས་འགན་དང་འོས་འགན་མང་པོ་ཕྲག་ཏུ་ཁུར་ཡོད་པས། ཁོ་ཚོས་བརྟན་ཞིང་འཕར་སྣོན་ཡོང་བ་དང་། གསར་གཏོད་ཡོང་བར་སྐུལ་འདེད། ལས་ཞུགས་འཕར་སྣོན། དམངས་འཚོ་ལེགས་བཅོས། དབུལ་ཐར་རོགས་སྐྱོར་སོགས་ཀྱི་ཐད་ལ་གལ་ཆེ་བའི་ནུས་པ་ཐོན་བཞིན་པ་རེད། དཔལ་འབྱོར་ཚོང་དོན་མ་དངུལ་གཏོང་འཇོག་སྐུལ་འདེད་ཅུས་ཀྱི་འགན་འཁྲི་ནི་ཏང་ཨུ་དང་སྲིད་གཞུང་། ཁེ་ལས་བཅས་ཀྱི་བར་དུ་འབྲེལ་ཟམ་བཙུགས་ནས། ཆ་རྐྱེན་སྣ་ཚོགས་གསར་གཏོད་ཧུར་ཐག་བྱས་ཏེ་ཁེ་ལས་ལ་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་ཡོད་ཐུབ་པ་དང་།སེམས་གཅིག་བློ་གཅིག་གིས་གསར་གཏོད་གསར་སྐྲུན་དང་ཏན་ཏན་ཏིག་ཏིག་གིས་ཁེ་ལས་ཡག་པོ་གཉེར་ནས། ཐུན་མོང་དུ་འབྱུང་འགྱུར་གྱི་དམངས་གཉེར་དཔལ་འབྱོར་ཁེ་ལས་དེ་བས་ཡག་པོ་བསྒྲུབས་ཏེ་སྤྱི་ཚོགས་ཡོངས་ལ་བྱས་རྗེས་དེ་བས་ཆེན་པོ་འཇོག་ཐུབ་པ་དེ་རེད་ཅེས་བཤད།

དར་མདོ་གྲོང་ཁྱེར་གྱིས་དབུལ་སྐྱོར་གནད་སྨིན་གྱི་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་བཤམས་ཚོང་བྱེད་པའི་དམངས་ཕན་བྱེད་སྒོ་སྤེལ།

    སྐྱིང་ཐང་གྲོང་རྡལ་དང་། ས་ཧོར་ཤང་། ཕོག་ཐག་ཤང་བཅས་ཀྱི་གྲོང་མི་ཚོ་ས་ཧོར་ཤང་གི་ཐང་ཆེན་དུ་འཛོམས་ནས་གློག་ཆས་གྲོང་གསེབ་ཏུ་བཤམས་འཚོང་བྱེད་པའི་དམངས་ཕན་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ནང་ཞུགས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་སྐྱིད་ཐང་ཡུག་ཤོག་གི་ཤང་དང་གྲོང་རྡལ་གསུམ་གྱི་དབུལ་ཕོངས་དུད་ཚང24ལ་རིན་པ་མི་དགོས་པར་སྒོར་ཁྲི3རི་བའི་ཁྱིམ་སྤྱོད་གློག་ཆས་དང་སྒོར་ཁྲི30རི་བའི་དབུལ་ཕོངས་བྱང་བུ་བཀྲམ་པ་རེད།

    དབུལ་ཕོངས་དུད་ཚང་གི་ཁྱིམ་མི་ཚོས་རིན་པ་མི་དགོས་པའི་རང་འགུལ་ཕྱེད་ཙམ་ཡིན་པའི་གོས་འཁྲུད་འཕྲུལ་ཆས་རྒྱབ་ཏུ་ཁུར་ཞིང་། སྟོད་ཐུང་ཁུག་མའི་ནང་གློག་ཆས་བྱེད་སྒོའི་རིན་གོང་གི་རྨང་གཞིའི་ཐོག་སྒོར500རི་བའི་དབུལ་སྐྱོར་གནད་སྨིན་གྱི་བྱང་བུ་ཁྱེར་ནས་གདོང་ལ་འཛུམ་གྱིས་ཁེངས་བཞིན་པ་རེད། ཚེས20ནས་21ཉིན་གྱི་བར། སྐྱིད་ཐང་གྲོང་རྡལ་གྱི་གློག་ཆས་གྲོང་གསེབ་ཏུ་བཤམས་འཚོང་བྱེད་པའི་དམངས་ཕན་བྱེད་སྒོ་སྤེལ་སའི་ཐང་ཆེན་དུ་རིན་གོང་བདེ་མོའི་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་ཉོ་སར་ཡོང་བཞིན་འདུག དུད་ཚང་རེས་གློག་ཆས་ཉོས་རྗེས་ད་དུང་རིན་པ་མི་དགོས་པར་སྒོར299རི་བའི་ཉལ་ཁེབས་ཞིག་ལེན་ཆོག་པ་རེད། ཚེས21ཉིན་གྱི་བར་དུ་སྐྱིད་ཐང་ཡུག་ཤོག་གི་དབུལ་ཕོངས་དུད་ཚང་གིས་དབུལ་སྐྱོར་གནད་སྨིན་གྱི་བྱང་བུ་ཁྱེར་ནས་གློག་བརྙན67དང་། འཁྱགས་སྒམ24 དྲོད་གསོ་ལྕོག་ཙེ97 གོས་འཁྲུད་འཕྲུལ་ཆས57བཅས་ཁྱིམ་སྤྱོད་གློག་ཆས་ཁྱོན་བསྡོམས245ཉོས་ཡོད་པ་རེད།

    ཐེངས་འདིའི་བྱེད་སྒོ་དེར་སྐྱིད་ཐང་གྲོང་རྡལ་དང་། ས་ཧོར་ཤང་། ཕོག་ཐག་ཤང་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་ཅིང་། སྲིད་གཞུང་གིས་ལས་སྟེགས་སྐྲུན་པ་དང་། ཁེ་ལས་ཀྱིས་དོན་དངོས་སྒྲུབ་པ། མི་སེར་ལ་ཕན་འབྲས་ཐོབ་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོར་ལག་བསྟར་བྱས་ནས། ཕྱིན་ཆད་དར་མདོར་ཁེ་ལས་དེ་བས་མང་པོ་ཞིག་ཁེ་ལས་ཁྲི་ཡིས་གྲོང་སྡེ་ཁྲི་ལ་རོགས་སྐྱོར་བྱེད་པའི་ལས་ཀའི་ནང་ཞུགས་ནས་དར་མདོའི་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་རྨང་གཞི་ཡག་པོ་བཏིང་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:གཅེས་སེམས་དབུལ་སྐྱོར་གྱི་སྒོ་རྩིས་ཚོང་ཁང་དུ་ཚོང་ལམ་ཧ་ཅང་བྲིན།
  • ལེ་ཚན་རྗེས་མ།:གསར་འགྱུར་གནད་བསྡུས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10