གཅེས་སེམས་དབུལ་སྐྱོར་གྱི་སྒོ་རྩིས་ཚོང་ཁང་དུ་ཚོང་ལམ་ཧ་ཅང་བྲིན།

        2018-12-05

    ལི་ཐང་རྫོང་གི་གནས་མཆོག་ཉི་འོད་གཅེས་སེམས་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་ནི་སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཀྱིས་ཞལ་འདེབས་འབུལ་བ། གཅེས་སེམས་དབུལ་སྐྱོར་བཅས་ཀྱི་རྩ་དོན་ལྟར་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེའི་ནང་ཞུགས་རྒྱུར་སྐུལ་སློང་བྱས་ནས་ཚབ་ཉོ་དང་སྐར་བསགས་དངོས་བརྗེ། དོད་དངུལ་རོགས་སྐྱོར་བཅས་ཟུང་འབྲེལ་བྱེད་པའི་ལས་སྟངས་སྤྱད་ནས་མང་ཚོགས་དབུལ་ཕོངས་ཀྱི་ནང་ངོས་སྒུལ་ཤུགས་ངར་སློང་བྱས་ཐོག་མང་ཚོགས་རེ་འགའི་གཞན་བརྟན་བསམ་བློ་མེད་པར་བཏང་བ་རེད།

    སྤྱི་ཚོགས་ཀྱི་རོགས་སྐྱོབ་ཐབས་ལམ་བདེ་འགྲོ་ཐུབ་པ་བྱས་ཏེ་བརྩེ་སེམས་དབུལ་སྐྱོར་གྱི་སྒོ་རྩིས་ཚོང་ཁང་བཙུགས་མཐར། ཁུལ་ཕྱི་ནང་གི་ཁ་གཏད་རོགས་སྐྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས་དམངས་གཉེར་ཁེ་ལས་པ་དང་སློབ་གྲྭར་ཡོད་པའི་སློབ་ཆེན་སློབ་མ་སོགས་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་ཀྱིས་རྒྱུ་དངོས་ཞལ་འདེབས་ཕུལ་བར་སྐུལ་སློང་བྱས་ཏེ་གཞུང་ཁོངས་རྩིས་ཁྲའི་ཐོག་ཚོགས་པ་སྒྲིག་འཛུགས་ཀྱིས་གཅིག་གྱུར་ཐོག་དོ་དམ་བྱས་ཡོད་ཅིང་། མིག་སྔའི་བར་རིམ་རྩིས་བྱས་ན་དངོས་ཟོག་སྣ་ཚོགས་ཀྱི་ཞལ་འདེབས་མ་དངུལ་སྒོར་ཁྲི50ལྷག་དང་ཞལ་འདེབས་མ་དངུལ་སྒོར་ཁྲི120ཙམ་ལ་ཟིན་པ་རེད།

    དང་བླངས་ཞབས་ཞུར་བརྟེན་ནས་སྐར་མ་བསྡུས་པ། བྱེད་སྒོའི་ཐོག་སྐར་མ་བསགས་པ་དང་སྐར་མ་དངོས་ཟོག་དང་བརྗེ་པའི་ཐབས་ལམ་ལ་བརྟེན་ནས་དབུལ་ཕོངས་དུད་ཚང་གི་གནས་ཚུལ་དངོས་ལ་གཞིགས་ནས་རང་འགུལ་ངང་སྲིད་ཇུས་དང་ཁྲིམས་སྲོལ་སློབ་སྦྱོང་བྱས་པས་མ་ཚད་རྒྱལ་དར་བསྒྲེངས་བའི་མཛད་སྒོའི་ཐོག་རྒྱལ་དར་འགེལ་བ་སོགས་ཀྱི་བྱེད་སྒོའི་ནང་ཞུགས་ནས་སྐར་བསགས་བགོ་བཤའ་རྒྱག་པ་དང་། ཤང་(གྲོང་རྡལ)ཁག་གི་ཏང་ཨུའི་དོ་དམ་བྱེད་པའི་དབུལ་སྐྱོར་ཁྱིམ་ཚང་ཁག་གིས་རང་བདག་ངང་དབུལ་སྐྱོར་གཅེས་དངོས་དང་བརྗེ་ཆོག་པ་རེད། མིག་སྔར་བསགས་སྐར་དངོས་བརྗེ་མ་དངུལ་སྒོར་ཁྲི6ལ་ཟིན་པ་རེད།།


  • ལེ་ཚན་སྔོན་མ།:བོད་ཁུལ་གྱི་གྲོང་སྡེ་གསར་པ། དབུལ་སྐྱོར་གྱི་ཐབས་ལམ་གསར་པ།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་གྱིས་དབུལ་སྐྱོར་གནད་སྨིན་གྱི་ཁྱིམ་སྤྱོད་གློག་ཆས་གྲོང་གསེབ་ཏུ་བཤམས་ཚོང་བྱེད་པའི་དམངས་ཕན་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།