ཕྱུག་པོ་དང་སྤྲང་པོའི་དབྱེ་བ།

ཉི་མ་རྡོ་རྗེས་བསྒྱུར།        2011-04-25

ཕྱུག་པོ་དང་སྤྲང་པོའི་དབྱེ་བ།

མལ་གསོ།
སྤྲང་པོ།  ཁྱིམ་དུ་བསྡད་ནས་བརྙན་འཕྲིན་ལ་བལྟ་བ་དང་།  སྒྲོ་འདོགས་པའི་བརྙན་འཕྲིན་ལེ་ཚན་ལ་བལྟ་བཞིན་སེམས་འགུལ་ཐེབས་ནས་ངུ་ཤུམ་བྱེད་ཅིང་།  བརྙན་འཕྲིན་ལེ་ཚན་ལས་མཐོང་བའི་དར་སྲོལ་ཆེ་བའི་བྱ་སྤྱོད་ལ་གཞིགས་ནས་རང་ཉིད་ལ་དྲག་ཆས་སྤྲས།
ཕྱུག་པོ།  ཕྱི་རོལ་དུ་བརྒྱུགས་ནས་ཚོང་རར་ཞུགས་པ་དང་རྩེད་མོ་ཕྲན་ཚེགས་ཙམ་ལ་ཞུགས་པའི་ཚེ་ལའང་ཚོང་རའི་གན་རྒྱ་བརྗེད་མེད།
སློབ་སྦྱོང་།
སྤྲང་པོ།  ལག་རྩལ་ལ་སློབ་སྦྱོང་བྱེད་པ།
ཕྱུག་པོ།  དོ་དམ་ལ་སློབ་སྦྱོང་བྱེད་པ།
དུས་ཚོད།
སྤྲང་པོ།  དུས་ཚོད་འདང་ངེས་ཞིག་བེད་སྤྱོད་བྱེད་པའི་མིས་དངུལ་སྒོར་མང་པོ་རྙེད་མི་ཐུབ།  བློ་བདེ་བག་ཕེབས་ཀྱིས་དུས་ཚོད་འདའ་ཐབས་བྱེད་པ་དང་དངུལ་སྒོར་བཙལ་བའི་གོ་སྐབས་མང་པོ་ཞིག་ཤོར་འགྲོ་གིན་ཡོད།  སྤྲང་པོའི་དུས་ཚོད་ནི་རིན་ཐང་མེད་པ་ཞིག་ཡིན་ལ་སྐབས་འགར་དོན་མེད་ཞིག་ཀྱང་ཡིན།  ཁོ་ཚོས་དུས་ཚོད་བསྐྱལ་ཐབས་མི་རྙེད་པ་ཞིག་ཡིན།  གལ་ཏེ་ཁྱོད་པད་ཚལ་རྒྱ་མ་གང་ཉོ་བར་དངུལ་སྒོར་སྐར་མ་གཅིག་ལྷག་མར་སྤྱོད་པར་ཁོང་ཁྲོ་ཚད་མེད་ལངས།  དོན་མེད་དུ་ཉི་མ་གཅིག་གི་དུས་ཚོད་སྟོང་ཟད་དུ་གཏོང་བར་འགྱོ ད་པ་སྐྱེ་གྱིན་མེད།  འདི་ནི་དཔེ་མཚོན་བྱེད་ནུས་པའི་སྤྲང་པོའི་བསམ་བློ་གཏོང་སྟངས་ཞིག་རེད།
  ཕྱུག་པོ།  ཕྱུག་པོས་རྩེད་མོ་རྩེ་བ་དེའང་ལས་ཀ་སྒྲུབ་པའི་རྣམ་པ་ཞིག་རེད་ལ་དམིགས་ཡུལ་ཡོད་པ་ཞིག་རེད།  ཕྱུག་པོར་ཁོམ་སྐབས་ཡོད་པ་དེ་ནི་ལུས་པོར་ཁོམ་སྐབས་ཡོད་པ་བྱས་ཏེ་ལུས་སྟོབས་ལ་གསོ་སྐྱོང་ཐོབ་པའི་སྒོ་ནས་ལས་ཀ་བསྒྲུབ་པར་ལུས་ཟུངས་བསྐྱེད་པ་རེད།  འོན་ཀྱང་ཀླད་པར་དུས་ཚོད་སྐར་ཆ་ཙམ་ལའང་ཁོམ་སྐབས་བྱུང་མེད།
   མ་དངུལ་འཇོག་པ་དང་རྒྱུན་ནོར་ལ་འཛིན་པའི་ལྟ་ཚུལ།
སྤྲང་པོ།  དཔལ་འབྱོར་ཐོག་གི་ལྟ་ཚུལ་ནི་ཉུང་ཙམ་སྤྱོད་པ་དེ་མང་ཙམ་རྙེད་པའི་ལྟ་ཚུལ་ཡིན།  དཔེར་བླངས་ནས་བཤད་ན་ཐུག་པ་བསྐོལ་བའི་ཟས་ཁང་ཞིག་གི་ཁེ་ཕན་སྒོར་ཁྲི་གཉིས་རྙེད་པས་སྤྲང་པོ་ཞིག་གི་ངོས་ནས་བཤད་ན་བྱ་བ་ལེགས་པོ་ཞིག་ཡིན།  སྤྲང་པོ་ལ་སྒོར་མོ་ཡོད་ནའང་སྤྱོད་མི་བྲ་བ་དང་གལ་ཏེ་མ་དངུལ་འཇོག་ནས་བེད་སྤྱོད་བྱེད་པའི་ཐག་བཅད་ནའང་ཉེན་ཁར་འཛེམས་པས་འཇུག་མཐར་ད་དུང་དེ་ནས་གོམ་གང་སྤོ་ཐུབ་མེད།  སྤྲང་པོས་བཤད་འདུན་ཆེ་ཤོས་ནི་བྱ་མོ་ལས་སྒོ་ང་སྐྱེ་བ་དང་།  ཡང་སྒོ་ང་བྱ་ལ་འགྱུར་བའི་རྩིད་སྐུད་ཀྱིས་གཡག་རོ་དྲུད་པ་བཞིན་མ་དངུལ་གཅིག་ལ་ཁེ་སྤོགས་ཁྲི་ཐོབ་པའི་གནས་ལུགས་དེ་རེད།
ཕྱུག་པོ།  ཕྱུག་པོའི་རྐང་རྨང་འཇོག་ས་ནི་དངུལ་ཁྲི་ལ་ཁེ་སྤོགས་ཁྲི་ཐོབ་པ་དེ་རེད།  སྔོན་དང་འདྲ་བར་ཐུག་པ་བསྐོལ་བའི་ཟས་ཁང་ཞིག་ལ་ཕྱུག་པོས་ཟས་ཁང་འདི་ལ་བེད་སྤྱོད་བྱེད་ཆོག་པའི་མ་དངུལ་ནི་སྒོར་ཁྲི་གཉིས་ཡིན།  གལ་ཏེ་སྒོར་མོ་དུང་ཕྱུར་གཅིག་གི་མ་དངུལ་ཡོད་ན་ཟས་ཁང་དེ་འདྲ་ལྔ་བརྒྱ་བསྐྱེད་ཆོག་པ་མ་ཡིན་ནམ།  རེ་རེ་བཞིན་བདག་གཉེར་ལེགས་པོ་བྱེད་དགོས་ན་ཕྱུག་པོས་སེམས་འདང་ཅི་འདྲ་མང་པོ་བརྒྱབ་དགོས་པ་དང་དཀའ་ཚེགས་ཅི་འདྲ་མང་པོ་ཞིག་བྱེད་དགོས་ཚང་མས་ཤེས་ཀྱིན་ཡོད།  དེ་ལས་མགྲོན་ཁང་ཞིག་ལ་མ་དངུལ་དེ་སྤྱད་ནས་ཁེ་ཕན་ལ་བརྒྱ་ཆ་ཉི་ཤུ་ལས་མེད་ཀྱང་ལོ་གཅིག་གི་ཁེ་སྤོགས་ནི་སྒོར་བྱེ་བ་གཉིས་ཡིན་པའི་ཐད་ལ་བསམ་མནོ་གཏོང་གིན་ཡོད།
    དགའ་སྡུག
སྤྲང་པོ།  རྟག་ཏུ་རྒྱུན་སྲོལ་ལྟར་བྱ་བ་བྱེད་ཀྱི་ཡོད་པས་བཀྲ་མི་ཤིས་པའི་བྱ་བ་འབྱུང་དཀོན་པ་དང་ཆེས་ཕུན་སུམ་ཚོགས་པའི་བྱ་བའང་འགྲུབ་མི་སྲིད།  སྤྲང་པོ་མང་ཤོས་ཞིག་གི་དགའ་སྡུག་དེ་དངོས་ཡོད་ཀྱི་དོན་དག་ཐོག་འཕྲོ་བརླག་ཏུ་ཤོར་འགྲོ་གྱིན་ཡོད་པ་དཔེར་ན།  འགོ་ཁྲིད་ཀྱིས་བསྟོད་བསྔགས་བྱས་པས་དགའ་བ་དང་།  ཚོང་ཁང་གི་ཚོང་རྫས་ཀྱི་རིན་གོང་ཕབ་ལེན་ལ་དགའ་བ།  བརྙན་འཕྲིན་ལས་དགའ་སྐྱོའི་རྣམས་པ་མངོན་པས་ཁོས་མིག་ཆུ་ཤོར་བ་སོགས་ཡིན།
    ཕྱུག་པོ། “གནམ་འཕང་གཅོད་པའི་བྱ་རྒོད་བསམ་ཚུལ་དེ། །ཁུག་རྟ་བྱེའུ་ཆུང་རྣམས་ཀྱིས་ཅི་ལ་ཤེས། །”ཞེས་པའི་དགའ་སྡུག་དེ་ཡོད།  དགའ་སྡུག་དེ་འདྲ་ཞིག་ཡོད་པས་རི་ཀློང་བརྡོལ་བའི་མེ་སྟག་མཆེད་པ་དང་འབུར་དུ་ཐོན་པའི་རང་གཤིས་དེ་ཡོད་ཅིང་།  མི་དང་མིའི་བར་གྱི་འབྲེལ་བའི་ཁྲོད་ཀྱི་སེམས་འགུལ་ཐེབས་པའི་ནུས་ཤུགས་ཡོད་ལ།  གནད་དོན་ཐག་གཅོད་བྱེད་པའི་ནུས་ཤུགས་དང་བློ་ཐབས་ཀྱང་ཡོད།  རང་གིས་རང་ལ་ཡིད་ཆེས་པ།
སྤྲང་པོ།  སྤྲང་པོ་རང་གིས་རང་ལ་ཡིད་ཆེས་པ་དེ་དྲག་ཆས་བརྒྱུད་ནས་སོ་ཐོག་ཏུ་སླེབས་ཐབས་བྱེད་པ་དང་།  དེ་ནི་ལུས་ལ་མིང་གྲགས་ཅན་གྱི་གོན་པ་དང་གསེར་དངུལ་གྱི་རྒྱན་ཆ་སོགས་གཟབ་མཆོར་གྱིས་སྤྲས་ཏེ་ཐོབ་པ་ཞིག་ཡིན།  སྤྲང་པོའི་རང་གིས་རང་ལ་ཡིད་ཆེས་པ་དེ་རྒྱུན་པར་ནང་བཅུད་ཀྱི་བསམ་བློ་དང་རང་བྱུང་ལས་བྱུང་བ་ཞིག་གཏན་ནས་མིན།
     ཕྱུག་པོ།  ལིས་ཅ་ཁྲིན་གྱིས་ཁོའི་ཚོང་གཉེར་གྱི་ཐབས་ཤེས་གླེང་སྐབས་བཤད་དོན། “དེར་དམིགས་བསལ་ཅི་ཡ་མེད།  བྱ་བ་ལམ་འགྲོ་ཡོང་སྐབས་དགའ་སྤྲོ་ཆེར་མི་སྐྱེ་བ་དང་།  བྱ་བ་ལམ་དུ་མི་འགྲོ་སྐབས་སྐྱོ་གདུང་དེ་ཙམ་སྐྱེ་གིན་མེད”ཅེས་པ་དེ་རེད།
  • ལེ་ཚན་སྔོན་མ།:ཞི་བདེ་དང་དམག་འཁྲུག
  • ལེ་ཚན་རྗེས་མ།:ང་ཚོ་ཚང་མ་དམུས་ལོང་རེད།