ཕ་ཡུལ་གྱི་མཛེས་ལྗོངས།

འབྲུ་བེ་རྩྭ།        2018-11-16

རྩྭ་ལྗང་རྩི་ཤིང་མེ་ཏོག་སྣ་ཚོགས་ཀྱིས།།

མངོན་པ་བཀྲ་བའི་ལང་ཚོའི་གཟི་འོད་དང་།།

དལ་འབབ་རིང་མོའི་དབྱངས་རྟ་ལྷུང་བའི་སྒྲ།།

ཐོས་པ་ཙམ་གྱིས་སྒྲ་འཛིན་སིམ་པ་བསྐྱེད།།

 

འདབ་ཆགས་ཚོགས་ཀྱི་མགྲིན་གླུ་རྣ་བར་འགྱེད།།

རི་སྐྱེས་མ་བུའི་ལུང་པའི་ཕུ་འདབས་རྒྱན།།

བྲིས་པ་མིན་ཡང་ཡིད་ཀྱི་དཔལ་དུ་ཤར།།

བོས་པ་མིན་ཡང་རྣ་བའི་བདུད་རྩི་འོ།།


  • ལེ་ཚན་སྔོན་མ།:སྔོན་པོ།༼ཞར་བཀོད་གཉིས།༽
  • ལེ་ཚན་རྗེས་མ།:ཐང་ནག་གིས་ལོ་ཀ་འཚོལ་བ།