བོད་ལྗོངས་ཀྱི་སྐྱིད་གྲོང་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་སྤྱོད་འགོ་ཚུགས།

ཡེ་ཤེས་ཀྱིས་བསྒྱུར།        2018-11-15

     ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ10པའི་ཚེས31ཉིན་འབྱོར་བའི་གཏམ་གསར། གཙང་སྦྲ་དོད་པའི་ལམ་ངོས་དང་ཚོང་ཟོག་སྣ་ཚོགས་འཛོམས་པའི་རྒྱ་ཆེ་བའི་འགྲེམས་ཁང་དུ་ནེ་པ་ལ་དང་ཕ་ཁི་སི་ཐན་སོགས་རྒྱལ་ཁབ་ནས་འོངས་བའི་ཚོང་པས་སྤྲོ་སེམས་རབ་ཏུ་འཁོལ་བའི་སྒོ་ནས་སྐུ་མགྲོན་རྣམས་ལ་ཁོ་ཚོའི་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་ཚོང་ཟོག་ངོ་སྤྲོད་བྱེད་བཞིན་ཡོད།

     སྐྱིད་གྲོང་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་དེ་ཟླ་བ10པའི་ཚེས31ཉིན་བོད་ལྗོངས་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་དངོས་སུ་སྤྱོད་འགོ་ཚུགས་པ། མཐའ་མཚམས་ཉོ་ཚོང་ཁྲོམ་ར་དེར་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི4250བཏང་ཡོད་ཅིང་། འཛུགས་སྐྲུན་བྱེད་ཁྱོན་སྨི་གྲུ་བཞི12000ཡིན་པ་རེད།

     སྐྱིད་གྲོང་རྫོང་ནི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ས་རྒྱུད་བསྐྲུན་པ་དེ་ཨེ་ཤེ་ཡ་ལྷོ་མའི་སྐམ་ས་ཆེན་པོར་འཕེལ་བའི་སྐམ་ལམ་གྱི་འགག་གནད་ཅིག་ཡིན་པ་རེད། མིག་སྔར་ཀྲུང་གོ་དང་ནེ་པ་ལའི་སྐམ་སའི་ཚོང་དོན་འགྲོ་འོང་བྱེད་པའི་བགྲོད་ལམ་ཆེན་པོ་སྟེ་སྐྱིད་གྲོང་འགག་སྒོར་དེ་སྐྱིད་གྲོང་རི་ཟུར་གྲོང་ཚོར་ཆགས་ཡོད། སྐྱིད་གྲོང་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་སྤྱོད་འགོ་ཚུགས་པ་དེས་མཐའ་མཚམས་ཉོ་ཚོང་ཐོན་ལས་འཕེལ་རྒྱས་དང་མཐའ་མཚམས་ཡུལ་སྐོར་ཐོན་ལས་ཀྱི་རིམ་པ་སྤར་བར་ནུས་ཤུགས་བཏོན་ཐུབ་ངེས་རེད་ཅེས་སྐྱིད་གྲོང་རྫོང་གི་རྫོང་དཔོན་ཧུའུ་ཧུང་གིས་ངོ་སྤྲོད་བྱས་པ་རེད།

     གྲངས་གཞི་ལས་མངོན་པར་གཞིགས་ན། སྐྱིད་གྲོང་འགག་སྒོའི་མཐའ་མཚམས་ཚོང་དོན་བྱ་གཞག་ཉིན་རེ་བཞིན་དར་རྒྱས་འགྲོ་བཞིན་ཡོད། 2018ལོའི་ལོ་སྟོད་དུ་སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་སྤྱིའི་བསྡོམས་འབོར་ཏུན75332ལ་བསླེབས་ཏེ་བརྒྱ་ཆ32.8འཕར་ཡོད། ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར13.87ལ་བསླེབས་ཏེ་བརྒྱ་ཆ11.83འཕར་བ་རེད།།


  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་བྱེད་ཐབས22བཏོན་ནས་ཕ་ཡུལ་དུ་ལོག་པ་དང་གྲོང་གསེབ་ཏུ་ཕྱིན་ནས་ལས་ལམ་གསར་གཏོད་བྱེད་པར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:གནའ་ཉམས་དོད་པའི་དབྱིབས་རྙིང་རླངས་འཁོར་སྐོར་སྐྱོད་བྱེད་སྒོས་ཨའོ་མོན་རླངས་འཁོར་འགྲེམས་སྟོན་གྱི་སྒོ་མོ་འབྱེད་པ།
  • དོ་སྣང་ཆེ་བའི་རྩོམ།