ཉེན་ཁར་སྐྲག་མི་དགོས། ཞིང་ཆེན་དང་ཁུལ་གྱི་རྒྱབ་རྩ་ཡོད།

བདེ་ཆེན་གྱིས་བསྒྱུར།        2018-11-13

སྤྱི་ཟླ11པའི་ཚེས12ཉིན།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་གཉིས་ཀྱིས་རི་ཉིལ་ནས་འབྲི་ཆུའི་པད་དགེའི་ཆུ་བསྐྱིལ་མཚེའུ་གསར་དུ་ཆགས་པའི་ཉེན་ཁ་མྱུར་སེལ་གྱི་རོགས་སྐྱོབ་ལས་ཀར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད།

ཕེང་ཆིང་ཧྭ་ཡིས་ཉེན་ཁ་མྱུར་སེལ་གྱི་རོགས་སྐྱོབ་གནས་ཚུལ་ལ་ཐུགས་ཁུར་གནང་ཞིང་ཁོང་གི་མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། དཀར་མཛེས་ཁུལ་གྱིས་འཕྲལ་སྒྲུབ་དོ་དམ་པུའུའི་མཉམ་འབྲེལ་ལས་ཀ་ཚོ་ཆུང་དང་ཞིང་ཆེན་ཡུལ་དངོས་ལས་ཀ་ཚོ་ཆུང་གི་གཅིག་གྱུར་མཐུན་སྦྱོར་བཀོད་འདོམས་འོག  ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དཀའ་ངལ་ལ་མི་འཛེམས་པར་མདུན་དུ་སྐྱོད་པ་དང་།དང་ལེན་བྱེད་ཕོད་པ་དང་ལས་དོན་སྒྲུབ་མཁས་པོ་བྱས་ཡོད་ཅིང་། རིམ་པ་ཁག་གི་གཞི་རིམ་རྩ་འཛུགས་དང་ཉེན་སེལ་རོགས་སྐྱོབ་དང་མང་ཚོགས་གནོད་གཡོལ་ནང་ཞུགས་མཁན་འཐབ་འཛིང་པ་ཚོས་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བ། འགག་སྒྲོལ་དཀའ་སེལ། ཉེན་ཁ་མྱུར་སེལ་བཅས་བྱས་ཏེ་ཉེན་སེལ་དང་གནོད་འཚེ་སྔོན་འགོག་ལས་ཀར་བྱས་རྗེས་གལ་ཆེན་བཞག་པ་རེད།

ཁོང་གིས་རིམ་པ་ཁག་དང་སྡེ་ཁག་གིས་དཀའ་ངལ་ལ་མི་སྐྲག་པ་དང་མུ་མཐུད་ནས་འཐབ་འཛིང་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་ཞིང་པད་དགེའི་ཆུ་བསྐྱིལ་མཚེའུ་ཡི་གཤོང་རྐ་ནས་ཆུ་བཞུར་རྗེས་ཀྱི་གནས་ཚུལ་དང་གནད་དོན་གསར་པར་དོ་སྣང་ལྷག་ཏུ་བྱ་དགོས། དུས་ཐོག་འཕྲལ་སྒྲུབ་བྱེད་ཐབས་བླངས་ནས་རྒྱུད་ངོགས་མང་ཚོགས་དང་འཐབ་ཞུགས་མི་སྣ་ཉེན་མེད་ཡོང་བར་ཁག་ཐེག་བྱས་ཏེ། བློ་ཐག་གཙང་བཅད་ཀྱིས་ཐེངས་འདིའི་ཉེན་སྐྱོབ་འཐབ་འཛིང་ལས་རྣམ་པར་རྒྱལ་བ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།

དབྱི་ལི་ཡིས་མཆན་བཀོད་མཛུབ་སྟོན་གནང་དོན། ཉིན་བསྟུད་མ་རིང་ཚང་མས་ཡུལ་དངོས་དང་པོར་གྲང་ངར་ཆེ་བ་དང་ཨར་ལས་གནས་ཚུལ་རྙོག་འཛིང་ཆེ་བར་མི་འཛེམས་ནས་དཀའ་སྤྱད་འབད་འབུངས་དང་ཉེན་འབྱུང་དུས་ཚོད་དང་འགྲན་བསྡུར་བྱས་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཁག་གིས་ཉེན་ཁའི་འགྱུར་ཚུལ་ལ་ལྟ་ཞིབ་དོ་སྣང་བྱས་ཏེ་མྱུར་དུ་འཕྲལ་སྒྲུབ་རོགས་སྐྱོབ་ཀྱི་གོང་འཕེལ་གནས་ཚུལ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་དཔལ་ཡུལ་དང་འབའ་ཐང་། སྡེ་རོང་། སྡེ་དགེ་བཅས་རྫོང་བཞི་ཡིས་ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་ཞིང་དཔོན་དབྱི་ལི་གཉིས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་བྱེད་ཅིང་། ཁས་ལེན་གང་ལེགས་གནང་བ་དེ་སྐུལ་ཤུགས་སུ་བསྒྱུར་བ་དང་ཐུགས་ཁུར་གནང་བ་དེ་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་ཐག་རྦད་བཅད་ཀྱིས་མི་སྣ་ཤི་རྨས་མི་འབྱུང་བའི་མ་མཐའི་ཚད་གཞི་བསྲུང་དགོས་པ་དང་། བློ་ཐག་རྦད་བཅད་ཀྱིས་ཐེངས་འདིའི་ཉེན་ཁ་མྱུར་སེལ་གྱི་འཐབ་འཛིང་ལ་རྒྱལ་ཁ་ལོན་དགོས་ཞེས་བླང་བྱ་བཏོན་པ་རེད།། 



  • ལེ་ཚན་སྔོན་མ།:ལི་ཐང་རྫོང་མོ་ལ་སྨད་ཤང་དུ་ཤ་མོའི་ཡོང་འབབ་ཆེན་པོ་བྱུང་བ།
  • ལེ་ཚན་རྗེས་མ།:རྡོ་རྗེ་རབ་བརྟན་གྱིས་ནན་གསུང་འདི་འདྲ་གནང་།
  • དོ་སྣང་ཆེ་བའི་རྩོམ།