སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཧྲང་ཧའེ་རུ་འཚོགས།

        2018-11-12

སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཧྲང་ཧའེ་རུ་འཚོགས།
འདི་ནི་ཧྲང་ཧའེ་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཞུགས་པའི་མི་སྣས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་འགྲེམས་སྟོན་སྟེགས་བུར་སྤེལ་རེས་བྱེད་བཞིན་པའི་ཚུལ་རེད།

    ཟླ་བ11པའི་ཚེས5ཉིན། སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དེ་ཧྲང་ཧའེ་རུ་འཚོག་འགོ་ཚུགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་ཤིང་ཁ་བྱང་ལ《ཐུན་མོང་དུ་གསར་སྐྲུན་དང་ཁོག་ཡངས་ཀྱི་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་བསྐྲུན་པ》ཞེས་པའི་བཞེད་དོན་གསུང་བཤད་གནང་བ་རེད། ཁོང་གིས་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན་གསར་སྦོལ་དང་མཉམ་ལས་བྱ་རྒྱུ་ནི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་འཚོང་གི་གསོན་ཤུགས་ཇེ་དྲག་ཏུ་གཏང་རྒྱུའི་སྒུལ་ཤུགས་གལ་ཆེན་པོ་ཞིག་ཡིན་ལ། དེང་སྐབས་དང་བསྟུན་ནས་གསར་སྦོལ་དང་མཉམ་ལས་བྱ་རྒྱུ་ནི་འཛམ་གླིང་གི་དཔལ་འབྱོར་བརྟན་བརླིང་ངང་བསྐྱར་གསོ་ཡོང་བར་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་བླང་བྱ་ཡིན།

སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཧྲང་ཧའེ་རུ་འཚོགས།
འདི་ནི་ལྟ་སྐོར་བ་ཞིག་གིས་ཨ་རིའི་པོ་དབྱིན་སྤྱི་གཉེར་ཁང་གི་འགྲེམས་སྟོན་སྟེགས་བུར787གནམ་གྲུའི་ལད་མོའི་འཁོར་ཤག་ཏུ་མྱོང་རོལ་བྱེད་བཞིན་པའི་ཚུལ་རེད།


སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཧྲང་ཧའེ་རུ་འཚོགས།
འདི་ནི་ལས་སྒྲུབ་མི་སྣ་ཞིག་གིས་ཀུང་གོའི་ཨའོ་མོ་ལུང་ཞེས་པའི་ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་ཀྱི་འགྲེམས་སྟོན་སྟེགས་བུར་འཕྲུལ་མི་དང་འཕངས་འཕེན་སྤོ་ལོ་བརྒྱབ་རེས་བྱེད་བཞིན་པའི་ཚུལ་རེད།

འབྱུང་འགྱུར་ལ་རྒྱང་མིག་བལྟས་ན། གསར་སྦོལ་དང་མཉམ་ལས་བྱ་རྒྱུ་ནི་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་ཆད་མེད་པར་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་བླང་བྱ་ཡིན་ཞིང་། རྒྱལ་ཁབ་ཁག་གིས་རྒྱལ་ཁབ་བར་གསར་སྦོལ་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཐུན་མོང་དུ་འཕེལ་རྒྱས་ཡོང་བ་བྱས་ཏེ་འགྲོ་བ་མིའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་སྐྲུན་བྱ་དགོས། ཀྲུང་གོས་ཆུ་ཚད་དེ་བས་མཐོན་པོའི་གསར་སྦོལ་བྱ་རྒྱུའི་གོམ་སྟབས་བར་མཚམས་ཆད་རྒྱུ་མེད་པ་དང་། གསར་སྦོལ་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་བསྐྲུན་པར་སྐུལ་འདེད་གཏོང་བའི་གོམ་སྟབས་བར་མཚམས་ཆད་རྒྱུ་མེད། འགྲོ་བ་མིའི་ཐོབ་ཐང་གི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པའི་གོམ་སྟབས་བར་མཚམས་སུ་ཆད་རྒྱུ་མེད་པ་ཞེས་གསུངས།

སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཧྲང་ཧའེ་རུ་འཚོགས།
འདི་ནི་ཁུ་པའི་འགྲེམས་སྟོན་ཁུལ་གྱི་ལས་སྒྲུབ་མི་སྣས་ལྟ་སྐོར་བར་ལག་བཟོས་ཐ་མག་ཞུའེ་ཅ་སྟོན་བཞིན་པའི་ཚུལ་རེད།

    རྒྱལ་ཁབ་ཉོ་འཚོང་མ་དངུལ་གཏོང་འཇོག་ཕྱོགས་བསྡུས་འགྲེམས་སྟོན(རྒྱལ་ཁབ་ཀྱི་འགྲེམས་སྟོན)ནི་ཀྲུང་གོའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ནང་དོན་གལ་ཆེན་པོ་ཡིན་ཞིང་། ཁྱོན་བསྡོམས་རྒྱལ་ཁབ82དང་རྒྱལ་སྤྱིའི་རྩ་འཛུགས3གྱིས་བཙུགས་པའི་འགྲེམས་སྟོན་སྟེགས་བུ71ཡོད་པ། རྒྱལ་ཁབ་རིམ་པའི་འགྲེམས་སྟོན་ནང་ཧིན་རྡུ་ཉི་ཞི་ཡ་དང་། ཝེ་ཐེ་ནམ། པ་ཁི་སི་ཐན། གླིང་ཆེན་ཨ་ཧྥེ་རི་ཁ་ལྷོ་མ། དབྱིན་ཇི། འཇར་མན། ཁ་ན་ཏ་སོགས་རྒྱལ་ཁབ12ཀྱིས་དམིགས་སུ་བཀར་བའི་ཁྱད་ཆོས་ལྡན་པའི་འགྲེམས་སྟོན་ཁང་བཙུགས་ཡོད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ནས་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་མཁའ་སྐྱོད་འགྲེམ་སྟོན་འདུ་ཚོགས་སྐབས་བཅུ་གཉིས་པ་བསྡུས་པར་རྟེན་འབྲེལ་ཞུས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་བ།
  • དོ་སྣང་ཆེ་བའི་རྩོམ།