གཏམ་བཟང་། ས་རྐོ་འཁོར་ལྔ་ཆུ་བསྐྱིལ་མཚེའུ་ཆགས་སར་བསླེབས་ཡོད།

བདེ་ཆེན་གྱིས་བསྒྱུར་ཞུས་བྱས།        2018-11-09

   

གཏམ་བཟང་། ས་རྐོ་འཁོར་ལྔ་ཆུ་བསྐྱིལ་མཚེའུ་ཆགས་སར་བསླེབས་ཡོད།

  སྤྱི་ཟླ11པའི་ཚེས3ཉིན་ལ་རི་ཉིལ་ནས་འབྲི་ཆུ་བཀག་སྟེ་ཆུ་བསྐྱིལ་མཚེའུ་གསར་དུ་ཆགས་པའི་གནོད་སྐྱོན་བྱུང་རྗེས། རྒྱལ་ཁབ་འཕྲལ་སྒྲུབ་དོ་དམ་པུའུ་དང་ཞིང་ཨུ། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཀྱིས་མཛུབ་སྟོན་གལ་ཆེན་བཏོན་པ་དང་། དཀར་མཛེས་ཁུལ་གྱིས་མཐོང་ཆེན་བྱས་ཏེ་མྱུར་དུ་རྩད་ཞིབ་ཉེན་སེལ་ལས་ཀ་བསྒྲུབས་པ་རེད། མི1876ཡིས་ཉིན་མཚན་བཞིའི་རིང་དཀའ་སྤྱད་འབད་འཐབ་བྱས་པར་བརྒྱུད་ནས་གནོད་གཡོལ་མང་ཚོགས་གོ་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་དང་། གློག་ཤུགས་དང་འཕྲིན་སྐྱེལ། དངོས་རྫས་བཅས་ལ་འགན་སྲུང་ཐུབ་ཡོད་ཐོག ཉེན་སེལ་འགྲོ་ལམ་མགྱོགས་མྱུར་ངང་བཟོ་བཞིན་ཡོད།

   སྤྱི་ཟླ11པའི་ཚེས8ཉིན་གྱི་ཆུ་ཚོད14དང་སྐར་མ30བར། དཀར་མཛེས་ཁུལ་གྱིས་ས་རྐོ་འཁོར་དང་པོ་ཆུ་བསྐྱིལ་མཚེའུ་ཡི་དམིགས་འཛུགས་ས་གནས་ལ་སླེབས་པ་དང་། ཕྱི་དྲོར་ཆུ་ཚོད17བར་ས་རྐོ་འཁོར་གཉིས་པ་དང་གསུམ་པ་ཡང་ཆུ་བསྐྱིལ་མཚེའུ་ཆགས་སར་སླེབས་པར་མ་ཟད། རྒྱལ་ཁབ་འཕྲལ་སྒྲུབ་དོ་དམ་པུའུ་ཡི་སྤྱི་ཟླ11པའི་ཚེས3ཉིན་ལ་རི་ཉིལ་ནས་འབྲི་ཆུ་བཀག་སྟེ་གསར་དུ་ཆགས་པའི་པད་དགེའི་ཆུ་བསྐྱིལ་མཚེའུ་ཡི་འཕྲལ་སྒྲུབ་མྱུར་སྐྱོབ་མཐུན་སྦྱོར་ཚོ་ཆུང་གི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཐག་གཅོད་བྱས་པར་ལྟར། ས་རྐོ་འཁོར་ཆེད་ལས་ཉེན་ཁ་མྱུར་སྐྱོབ་རུ་ཁག་ལ་སྤྲད་ནས་ཉེན་སེལ་ལས་ཀ་སྒྲུབ་འགོ་ཚུགས་པ་རེད།   ཡུལ་དངོས་བཀོད་འདོམས་པུའུ་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། མིག་སྔར་ས་རྐོ་འཁོར་ལྔ་ཆུ་བསྐྱིལ་མཚེའུ་ཆགས་སའི་འདབས་སུ་བསླེབས་ཤིང་།  འཕྲུལ་ཆས་གཞན་དག་བཀོད་འདོམས་པུའུ་ཡིས་ལུགས་མཐུན་བཀོད་སྒྲིག་བྱས་པར་ལྟར་གོ་རིམ་ལྡན་པའི་ངང་མདུན་དུ་སྐྱོད་བཞིན་ཡོད། 


  • ལེ་ཚན་སྔོན་མ།:བུ་མོ་སྐལ་བཟང་སྒྲོལ་མའི་ཕྱུག་འགྱུར་གྱི་ཕུགས་འདུན།
  • ལེ་ཚན་རྗེས་མ།:གསེར་ལྡན་དུས་ཀྱི་དཀར་མཛེས་ཁུལ།
  • དོ་སྣང་ཆེ་བའི་རྩོམ།