འདུས་མཐའི་གླུ།

མེ་ལོང་ནག་པོ།        2018-11-08

སྨུག་པ་རི་ལ་ཞོགས་པའི་ད་ནང་ཀྱེ།།

ལས་ཀྱི་གྱེས་བྲལ་ཡིན་པ་མ་གསུངས་དང་།།

མིག་མཐའི་བཙང་བོ་བྲུག་པའི་རབ་ཁ་ནས།།

མཇུག་མཐའི་གླུ་ངག་དབྱངས་ལ་གྱེར་ཏེ་ལེན།།

 

སེམས་པ་སེམས་པར་བརྒྱུས་པའི་སྙིང་མཐུན་ཀྱེ།།

འཁོར་བ་སྡུག་བསྔལ་ཡིན་པར་མ་གསུངས་དང་།།

དྭངས་བའི་ཞལ་ལ་འཛུམ་གྱིས་འོད་ཀོར་ཡོད།།

མི་ཚེའི་མཚར་སྡུག་མག་མོག་ཁོ་ན་ཡིན།།

 

ལས་ཀྱི་རྒྱང་ཐག་རིང་བའི་ཡིད་འོང་ཀྱེ།།

རྨི་ལམ་བདེན་པ་ཡིན་པར་མ་གསུངས་དང་།།

འཁོར་བའི་ཆོས་ཉིད་གྲུབ་པའི་རྗེས་ཤུལ་དུ།།

སྐྱིད་སྡུག་རེས་མོས་ཚུལ་གྱིས་འཁོར་ནས་ཡོང་།།


  • ལེ་ཚན་སྔོན་མ།:འུག་པའི་ཚོགས།
  • ལེ་ཚན་རྗེས་མ།:གློ་མདོག་གི་ཕྱེ་མ་ལེབ།