ཁུལ་གྱི་འགོ་ཁྲིད་དག་རི་ཉིལ་བའི་ཡུལ་དངོས་སུ་རྟོག་ཞིབ་ཏུ་སོང་།

བདེ་ཆེན་གྱིས་བསྒྱུར་ཞུས་བྱས།        2018-11-07

ཁུལ་གྱི་འགོ་ཁྲིད་དག་རི་ཉིལ་བའི་ཡུལ་དངོས་སུ་རྟོག་ཞིབ་ཏུ་སོང་།

སྤྱི་ཟླ11པའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་རྣམ་གཉིས་དང་རྒྱལ་ཁབ་འཕྲལ་སྒྲུབ་དོ་དམ་པུའུ་ཡི་རོགས་སྐྱོབ་མཐུན་སྦྱོར་དང་སྔོན་ཇུས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀུའོ་ཀྲི་ཝུའུ་དང་། རྒྱབ་ཁབ་ནུས་ཁུངས་ཅུས་གློག་ཤུགས་བདེ་འཇགས་ལྟ་སྐུལ་དོ་དམ་སིའི་སི་ཀྲང་ཐུང་ཀོང་དབྱི། ཞིང་ཆེན་ཆུ་བེད་ཐིང་གི་སྤྱི་ཁྱབ་བཟོ་བཀོད་པ་ལིའང་ཅུན་བཅས་ཀྱག་ཀྱོག་གངས་འཁྱགས་རི་ལམ་དུ་ཆུ་ཚོད་གཉིས་ཙམ་བསྐྱོད་རྗེས། འཕྲུལ་རྟར་བསྡད་ནས་བྲག་རི་གཡང་གཟར་ངོས་སུ་ཆུ་ཚོད་ཕྱེད་ཀ་ཙམ་བསྐྱོད་དེ་འབྲི་ཆུའི་འབབ་རྒྱུད་ཀྱི་གྲམ་ཐང་སྐམ་པོ་ནས་རྐང་ཐང་ཆུ་ཚོད་གཉིས་ཙམ་བསྐྱོད་མཐར་པད་དགེའི་ཆུ་བསྐྱིལ་མཚེའུ་ཆགས་སར་བསླེབས་པ་དང་། ཡུལ་དངོས་གནས་ཚུལ་ལ་བརྟག་དཔྱད་ཚད་ལེན་གནང་བར་མ་ཟད། ཉིན་དེ་རང་དགོང་མོར་རྒྱབ་ཁབ་འཕྲལ་སྒྲུབ་དོ་དམ་པུའུ་ཡིས་བརྙན་འཕྲིན་སྙོམ་སྒྲིག་ཚོད་ལྟ་གྲོས་ཚོགས་ཐོག་བབ་བསྟུན་འཆར་གཞི་བཏོན་པ་རེད།

གནོད་སྐྱོན་བྱུང་རྗེས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་མཐོང་ཆེན་གནང་ནས་དུས་ཚོད་དང་པོར་མང་ཚོགས་གནོད་གཡོལ་དང་འཕྲལ་སྒྲུབ་ཉེན་ཁ་མྱུར་སྐྱོབ།གནོད་འཚེ་སྔོན་འགོག་སོགས་ལས་ཀར་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་འཕྲལ་སྒྲུབ་དོ་དམ་པུའུ་དང་ཞིང་ཨུ། ཞིང་ཆེན་སྲིད་གཞུང་གིས་འགོ་ཁྲིད་གཙོ་བོ་བཅས་ཀྱི་མཛུབ་སྟོན་གལ་ཆེན་གཞིར་བཟུང་ནས་བྱེད་ཐབས་ནུས་ལྡན་སྤེལ་ཏེ་བབ་བསྟུན་ཉེན་ཆེའི་གནས་ཚུལ་ཧུར་ཐག་སྒྲུབ་པ་དང་། བློ་ཐག་རྦད་བཅད་ཀྱིས་མི་སྣ་ཤི་རྨས་མི་འབྱུང་བའི་མ་མཐའི་ཚད་གཞི་བསྲུང་དགོས།གཅིག་ནི་མྱུར་དུ་མང་ཚོགས་གནོད་གཡོལ་བྱས་ཏེ་མང་ཚོགས་ཀྱིས་ཚེ་སྲོག་དང་བདེ་འཇགས་ཁག་ཐེག་བྱ་དགོས། གཉིས་ནི་ལས་ཡུལ་དངོས་སུ་བཀོད་འདོམས་པུའུ་བཙུགས་ནས་ཚན་རིག་དང་མཐུན་པའི་འཕྲལ་སྒྲུབ་ཉེན་ཁ་མྱུར་སྐྱོབ་བྱེད་པར་ཁག་ཐེག་བྱ་དགོས། གསུམ་ནི་མངོན་མེད་རྐྱེན་ངན་རེ་རེ་བཞིན་གྲལ་བཤེར་བྱས་ཏེ་ཡང་བསྐྱར་གནོད་འཚེ་ཐོན་རྒྱུར་སྔོན་འགོག་ནན་པོ་བྱ་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ11པའི་ཚེས6ཉིན་གྱི་ཆུ་ཚོད20བར། པད་དགེ་ཆུ་བསྐྱིལ་མཚེའུ་ཡི་ཆུ་ཚད་སྨི2928རྒྱས་ཤིང་མཚེའུ་རྫིང་གི་གཤོང་སའི་བར་སྨི37ཡོད་ཅིང་རིམ་རྩིས་བྱས་ན་སྨི35འཕར་ཡོད། འདས་པའི་དུས་ཚོད24ནང་ཆུ་ཚོད་རེ་རེར་ཆ་སྙོམས་སྨི0.3རེ་རྒྱས་ཡོད་ལ། ཆུ་ཡི་བསགས་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.28ལ་སླེབས་པ་རེད།།

  • ལེ་ཚན་སྔོན་མ།:གསར་འགྱུར་གནད་བསྡུས།
  • ལེ་ཚན་རྗེས་མ།:རང་ཁུལ་མང་ཚོགས་ཁྲི་ལ་ཉེ་བ་གནོད་གཡོལ་དང་བཀོད་སྒྲིག་ཐུབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།