རྒྱུད་གཅིག་ལམ་གཅིག་གི་ལམ་རྒྱུད་དང་འབྲེལ་བའི་ཀྲུང་དབྱང་ཁེ་ལས་ཀྱི་ལས་གཞི3100ལྷག་ཙམ་ཟིན་ཡོད།

        2018-11-07

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝུང་ཅེ་མིང་གིས་གཞུང་རྒྱུ་ཨུ་ལྷན་གྱི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་དོན། འདས་ཟིན་པའི་ལོ5ཡི་རིང་ཀྲུང་དབྱང་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཤིང་། ལམ་རྒྱུད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་པའི་ཐོན་ཁུངས་གསར་སྤེལ། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མ་འཇོག་ལས་གཞི3116གི་འགན་འཁུར་ཡོད།

བསྡོམས་རྩིས་ལས་མངོན་པར། མིག་སྔར་ཀྲུང་དབྱང་ཁེ་ལས་ཀྱི་ཕྱི་རྒྱལ་གྱི་ཡན་ལག་སྒྲིག་གཞིའི་ས་གནས་དེའི་ལས་མི་བརྒྱ་ཆ85ཟིན་པ་དང་། ཁེ་ལས་མི་ཉུང་བ་ཞིག་གི་ས་གནས་དེའི་ལས་མི་བརྒྱ་ཆ90ཡན་ཡོད་པ།

ཉིན་དེར་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ།

2017ལོའི་ལོ་མཇུག་བར།

●ཀྲུང་དབྱང་ཁེ་ལས་ཀྱི་མངའ་ཁོངས་ཕྱིའི་ཚན་པ10791

●དེ་དག་རྒྱལ་ཁབ་དང་ས་ཁུལ185རུ་ཁྱབ་ཡོད།

●མངའ་ཁོངས་ཕྱིའི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི7ལྷག་ཟིན་པ།

●ལོ་ཧྲིལ་པོའི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་ཁྲི4.7ལ་ཟིན་པ།

●ཁེ་བཟང་བསྡོམས་འབོར་སྒོར་དུང་ཕྱུར1064ལ་ཟིན་ཡོད།


  • ལེ་ཚན་སྔོན་མ།:བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཆུ་མོ་ལྡེ་གྲོང་ཚོའི་སྡོད་ཁང་རབས་བཞི་པའི་ལས་གཞི་ཀྲུང་གོའི་མཐའ་མཚམས་ཀྱི་འཕོ་འགྱུར་ཆེན་པོ་མངོན།
  • ལེ་ཚན་རྗེས་མ།:ཀྲུང་གོའི་ལོ40ནང་དབུལ་པོ་མི་འབོར་དུང་ཕྱུར7དབུལ་ཐར་བྱས་ཡོད།
  • དོ་སྣང་ཆེ་བའི་རྩོམ།