བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཆུ་མོ་ལྡེ་གྲོང་ཚོའི་སྡོད་ཁང་རབས་བཞི་པའི་ལས་གཞི་ཀྲུང་གོའི་མཐའ་མཚམས་ཀྱི་འཕོ་འགྱུར་ཆེན་པོ་མངོན།

        2018-11-07

ལྷ་ས་ནས་བར་ཐག་སྤྱི་ལེ2000ལྷག་ཡོད་པའི་ཐག་རིང་ལུང་ཁུག་གི་གྲོང་ཚོ་སྟེ་ཆུ་མོ་ལྡེ་གྲོང་ཚོ་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་ཤང་དུ་ཡོད་ལ། དེ་ནི་བོད་ལྗོངས་མེ་ཏོག་རྫོང་དུ་སྐྱོད་པ་ལས་ཀྱང་དཀའ་ཚེགས་ཆེ་ལ་ལམ་ཐག་རིང་བ་ཡོད་པ་རེད།

ཆུ་མོ་ལྡེ་ཞེས་པ་ནི་མཚོ་སྐམ་ཤུལ་གྱི་དོན་ཡིན། དེ་གའི་ས་བབ་མཐོ་ཚད་སྨི4000ཙམ་ཟིན་ཞིང་། ལོ་ལྟར་ཟླ་བ་དྲུག་ཙམ་ལ་ཁ་བ་བབས་ནས་ལམ་བུ་ཚང་མ་འགག་གི་ཡོད་པས་མིང་དོན་མཚུངས་པའི“གངས་ལྗོངས་ཀྱི་ཁེར་ཆགས་གླིང་ཕྲན”ཞིག་རེད།

རི་ཤོད་གཙང་པོ་ཆུ་མོ་ལྡེ་གྲོང་ཚོ་བརྒྱུད་དེ་གྱ་གྱུར་བཞུར་ཅིང་། གཙང་པོའི་བྱང་ངོགས་ཀྱི་རི་འདབས་སུ་བཟོ་ལྟ་དང་ཚོས་གཞི་མི་འདྲ་བའི་ཁང་པ་རྙིང་པ་གསུམ་ཡོད་ལ་དེའི་འཁྲིས་སུ་ཐོག་སོ་གཉིས་ཀྱི་ཁང་པ་དཀར་པོ་གསར་རྐྱང་ཞིག་བརྒྱབ་ཡོད་པ་རེད།

ཁང་པ་རྙིང་པ་དང་ཁང་པ་གསར་པ། “མི་རབས་བཞི་འཛོམས”ཀྲུང་གོའི་མཐའ་མཚམས་ལ་འཕོ་འགྱུར་ཆེན་པོ་བྱུང་བའི་བསྡུས་རིས་འདིས་དུས་རབས་ཀྱི་འཕོ་འགྱུར་ཟིན་ཐོར་བཀོད་པ་དང་གཉིས་སུ་མ་མཆིས།

  • ལེ་ཚན་སྔོན་མ།:ཝང་ཆི་ཧྲན་གྱིས་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:རྒྱུད་གཅིག་ལམ་གཅིག་གི་ལམ་རྒྱུད་དང་འབྲེལ་བའི་ཀྲུང་དབྱང་ཁེ་ལས་ཀྱི་ལས་གཞི3100ལྷག་ཙམ་ཟིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།