འབྲི་ཆུའི་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་གི་གླེང་སྟེགས་སུ《ཚེ་སྲོག་གི་འབྲི་ཆུ་སྲུང་སྐྱོང་གི་ཝུའུ་ཧན་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ།

    མི་དམངས་ཉིན་རེའི་ཚགས་པར།    2018-11-06

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འབྲི་ཆུའི་སྣོད་བཅུད་ཁོར་ཡུག་སླར་གསོ་བྱ་རྒྱུ་དེ་ཀུན་ལས་ལྷག་པའི་གནས་བབ་ཏུ་བཞག་ནས་སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་གྱིས་གསར་སྤེལ་ཆེན་པོ་མི་བྱེད་པ་དང་། འབྲི་ཆུའི་སྐྱེ་དངོས་ཐོན་ཁུངས་དང་དེའི་འགག་རྩའི་སྣོད་བཅུད་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་གི་བྱེད་ཐབས་ལ་གྲོས་བསྡུར་བྱེད་པ། འབྲི་ཆུའི་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་གི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ཟབ་མོ་བྱས་ནས་ཐག་གཅོད་བྱེད་པ་བཅས་བྱས་ཤིང་། ཞིང་ལས་གྲོང་གསེབ་པུའུ་དང་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཉེར་བའི་འབྲི་ཆུའི་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་གླེང་སྟེགས་སུ《ཚེ་སྲོག་གི་འབྲི་ཆུ་སྲུང་སྐྱོང་གི་ཝུའུ་ཧན་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་ནས་སྤྱི་ཚོགས་ཡོངས་ལ་ཚེ་སྲོག་གི་འབྲི་ཆུ་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཐུན་མོང་གྲོས་འགོ་བཏོན་པ་རེད།

གླེང་སྟེགས་སུ་སྤྱི་ཚོགས་ཡོངས་ཀྱིས་འབྲི་ཆུའི་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་གི་བྱ་གཞག་ལ་སེམས་ཁུར་བྱས་ཏེ་འབྲི་ཆུ་ཉིད“ཆུ་དྭངས་འགྲམ་སྔོ་དང་ཉ་འཁྱུག་མཐིལ་གསལ”གྱི་ལྗང་མདོག་བར་ཁྱམས་དང“སྣོད་བཅུད་སྔོན་གཏོད་དང་ལྗང་མདོག་འཕེལ་རྒྱས”ཀྱི་སྣོད་བཅུད་ཤེས་དཔལ་སྔོན་དུ་ལག་བསྟར་གྱི་དཔེ་སྟོན་ཁུལ་ཞིག་ཧུར་ཐག་བསྐྲུན་ནས་ཕ་ཚ་བུ་རབས་སུ་མི་དམངས་ཀྱི་ཆུ་འདྲེན་དང་། གྲུ་གཏོང་། ཉ་དང་ཆུ་འབྲས་བཅས་ལ་མཐུན་རྐྱེན་བསྐྲུན་ཐུབ་པའི་འབོད་སྐུལ་བྱས་པ་རེད།

འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་དང་ཚེ་སྲོག་གི་ཆུ་བོ་ཡིན་ལ། སྣོད་བཅུད་ཁོར་ཡུག་སྣ་མང་ལས་སྐྱེ་དངོས་ཀྱི་རིགས་ཁྱུ་ཕུན་སུམ་ཚོགས་པ་སྐྱེད་སྲིང་ཐུབ་ཡོད། འབྲི་ཆུ་རྒྱུག་ཡུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ལྟ་ན་སྡུག་ཁར་ནགས་ཚལ་ཁྱབ་ཚད་ཀྱིས40%ཡན་བཟུང་བ་དང་། མཚོ་དང་། མཚེའུ། འདམ་ར་བཅས་ཀྱི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི20%བཟུང་ཡོད། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་མང་བ་དེ་དག་ལ་ཆུ་ཁུངས་གསོ་བ་དང་། སྐྱེ་དངོས་སྤེལ་བ། ཐཱན་བརྟན་དབྱང་གཏོང། ཁོར་ཡུག་ལེགས་གཏོང་བཅས་ཀྱི་ནུས་པ་ཆེན་པོ་ལྡན་པས། དེ་ནི་རང་རྒྱལ་གྱི་སྣོད་བཅུད་སྲུང་ཡོལ་དང་སྐྱེ་དངོས་གཞི་རྒྱུའི་བང་མཛོད་གལ་ཆེན་ཞིག་རེད།

འོན་ཀྱང་ད་ལྟའི་འབྲི་ཆུའི་ཁོར་ཡུག་ཉམས་རྒུད་དུ་ཕྱིན་ཡོད་ལ་རྒུད་ཚབས་ཆུང་ཆུང་མིན། རང་བྱུང་གི་འཕོ་འགྱུར་དང་མིའི་རིགས་ཀྱི་བྱེད་སྒོའི་ཐུན་མོང་ཤུགས་རྐྱེན་ཐེབས་ནས་དེང་སྐབས་འབྲི་ཆུའི་སྐྱེ་དངོས་ཀྱི་འཐུས་ཚང་རང་བཞིན་གྱི་སྟོན་གྲངས་སྤྱིར་ན་སྤྱིར་བཏང་གི་ཆུ་ཚད་དུ་གནས་ཡོད་ཅིང་། འབྲི་ཆུའི་དུམ་བུ་ཁག་གཅིག་ཅུང་ཞན་པའི་ཆུ་ཚད་དམ་ཡང་ན་མར་ཆག་པའི་གནས་སྟངས་སུ་སླེབས་ཡོད་པ་དང་། གཙོ་བོར་ཆུ་ནང་སྐྱེ་དངོས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་ཕོག་པ་དང་། ཆུ་ནང་གི་སྣོད་བཅུད་ཁོར་ཡུག་ཉམས་པ། ཆུའི་སྣོད་བཅུད་མ་ལག་གི་བྱེད་ནུས་ཉམས་ཆགས་སུ་འགྲོ་བ་བཅས་མངོན་ཡོད་པ་རེད།

འབྲི་ཆུའི་སྐྱེ་དངོས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོང་བྱ་རྒྱུ་ནི་ནར་འགྱང་ཡུད་ཙམ་ཡང་བྱེད་མི་རུང་། ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་བླང་བྱ་ལྟར། ཞིང་ལས་གྲོང་གསེབ་པུས་འཕེལ་སྒྱུར་དང་། སྤྱི་བདེ། ནོར་སྲིད། རང་བྱུང་ཐོན་ཁུངས། སྣོད་བཅུད་ཁོར་ཡུག འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད་སོགས་སྡེ་ཚན་དང་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་ཆུས། གྲོང་ཁྱེར་བཅས་དང་མཉམ་དུ་དམིགས་སའི་རང་བཞིན་ལྡན་པའི་ངང་སྣོད་བཅུད་ཐོན་ཁུངས་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་རབ་དང་རིམ་པ་བསྒྲུབ་རྒྱུ་རེད་ཅེས་བརྗོད་པ་རེད། །

  • ལེ་ཚན་སྔོན་མ།:ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་ཁོ་ཀུ་ཟམ་ཆེན་སྦྲེལ་མཐུད་བྱུང་བ།
  • ལེ་ཚན་རྗེས་མ།:ཝང་ཆི་ཧྲན་གྱིས་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།