འཕེལ་རྒྱས་ཀྱི་འགོག་རྐྱེན་མེད་པར་བཟོས་ནས་འགྲིམ་འགྲུལ་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་ཞིང་། ཡུལ་བབ་དང་བསྟུན་ནས་ཁྱད་འཕགས་ཐོན་ལས་འཕེལ་རྒྱས་གཏང་དགོས།

བདེ་སྐྱིད་ཀྱིས་བསྒྱུར།        2018-10-22

འཕེལ་རྒྱས་ཀྱི་འགོག་རྐྱེན་མེད་པར་བཟོས་ནས་འགྲིམ་འགྲུལ་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་ཞིང་། ཡུལ་བབ་དང་བསྟུན་ནས་ཁྱད་འཕགས་ཐོན་ལས་འཕེལ་རྒྱས་གཏང་དགོས།

     ཟླ་བ10པའི་ཚེས15ནས་ཚེས16ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་སྔོན་རྗེས་སུ་དཔལ་ཡུལ་དང་འབའ་ཐང་། ལི་ཐང་བཅས་རྫོང་ཁག་གསུམ་དུ་ཕེབས་ནས་བརྟག་ཞིབ་དང་སློབ་སྟོན་གནང་བ་རེད།

     ཁོང་གིས་ནན་གསུང་གནང་དོན། རིམ་པ་ཁག་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་ལྔ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་དགོས་ཤིང་། ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་འགོག་རྐྱེན་བཅུར་འགག་མེད་པར་བཟོས་ནས་ཡུལ་བབ་དང་བསྟུན་ཏེ་ཁྱད་འཕགས་ཐོན་ལས་འཕེལ་རྒྱས་བཏང་ནས། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་ཞིང་ཕྱུག་པོར་གྱུར་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་དང་། རང་ཁུལ་གྱིས་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ཁུལ་བསྐྲུན་རྒྱུ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྱོང་དཔེ་སྟོན་ཁུལ་བསྐྲུན་རྒྱུ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྲུན་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་བླང་བྱ་བཏོན་པ་རེད།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཁང་ལིན་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། དཔལ་ཡུལ་རྫོང་ཨུའི་ཧྲུའུ་ཅི་ཁང་ཀོང་ཡིའུ་གཉིས་ཀྱིས་བརྟག་ཞིབ་ལྷན་ཕེབས་གནང་བ་རེད།

     ལིའུ་ཁྲེང་མིང་གིས་འབའ་ཐང་དང་དཔལ་ཡུལ་བར་གཞུང་ལམ་འཛུགས་སྐྲུན་གནས་ཚུལ་དང་འབའ་ཐང་རྫོང་གསུམ་མདོ་ཤང་གི3180རྟགས་ཅན་གྱི་གཏེར་ཆུ་བཟོ་གྲྭ་དང་མཐོ་སྒང་གི་སྔོ་ཚལ་རྟེན་གཞི། ལི་ཐང་རྫོང་ཚོ་གསུམ་ཐོན་ལས་གླིང་ཁུལ་བཅས་སུ་བརྟག་ཞིབ་གནང་བ་རེད། ལིའུ་ཁྲེང་མིང་གིས་འབའ་ཐང་དང་དཔལ་ཡུལ་བར་གཞུང་ལམ་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་རྒྱུས་ལོན་གནང་བ་དང་། ཡུལ་དངོས་སུ3180རྟགས་ཅན་གྱི་གཏེར་ཆུ་བཟོ་གྲྭའི་ཐོན་སྐྱེད་གནས་ཚུལ། ཚོང་གཉེར་གནས་ཚུལ་བཅས་རྒྱུས་ལོན་གནང་བར་མ་ཟད། གསུམ་མདོ་ཤང་གི་མཐོ་སྒང་གི་སྔོ་ཚལ་རྟེན་གཞི་དང་ལི་ཐང་རྫོང་ཚོ་གསུམ་ཐོན་ལས་གླིང་ཁུལ་འཛུགས་སྟངས་ཡག་པོར་ཁས་ལེན་གང་ལེགས་གནང་བ་དང་།ཕྱིན་ཆད་ཀྱི་ལས་ཀར་བླང་བྱ་ཞིབ་ཕྲ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:སྔར་ལྷག་གིས་རང་བྱུང་གནོད་འཚེ་འགོག་བཅོས་ལས་ཀར་ཤུགས་བརྒྱབ་སྟེ་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ལེགས་ངང་འཕེལ་རྒྱས་གཏང་དགོས།
  • ལེ་ཚན་རྗེས་མ།:ཞི་མཐུན་གྱི་རང་ཉིད། བདེ་སྐྱིད་ཀྱི་མི་ཚེ། རང་ཁུལ་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་སེམས་ཀྱི་གནོན་ཤུགས་སེལ་ཐབས་ཀྱི་ཆེད་དོན་འཆད་འཁྲིད་དར་མདོར་སྤེལ།
  • དོ་སྣང་ཆེ་བའི་རྩོམ།