ཝང་དབྱང་གིས་ཡུན་ནན་བོད་ཁུལ་དུ་རྟོག་ཞིབ་གནང་བ།

    གངས་ལྗོངས་ཉི་གཞོན།    2018-10-19

ཝང་དབྱང་གིས་ཡུན་ནན་བོད་ཁུལ་དུ་རྟོག་ཞིབ་གནང་བ།

       ཟླ་10ཚེས་17ཉིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཡུན་ནན་བོད་ཁུལ་དུ་མི་རིགས་ཀྱི་ཆོས་ལུགས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཁུལ་ལས་དོན་གྱི་དཔྱད་བརྗོད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་བླངས་ནས། བློ་རྩེ་གཅིག་སྒྲིམ་གྱིས་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་བྱས་ནས། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བདེ་འཇགས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱ་བ་དང་། མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་གཏོང་རྒྱུ་རྒྱུན་སྐྱོང་བ། བོད་ཁུལ་ཡུན་རིང་བདེ་འགོད་ཀྱི་རྩ་བ་སྲ་བརྟན་གཏོང་དགོས་པ་བཅས་ནན་བཤད་གནང་། 
     ཚེས་15ནས་ཚེས་16ཉིན་བར། ཝང་དབྱང་ནི་བདེ་ཆེན་གྱི་གྲོང་གསེབ་དབུལ་པོའི་ཁྱིམ་ཚང་དང་གྲོང་སྡེའི་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་ཞབས་ཞུ་ས་ཚིགས། དགོན་སྡེ་བཅས་ལ་བསྐྱོད་ནས། བོད་ཁུལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ། མི་རིགས་མཐུན་སྒྲིལ། དགོན་པའི་དོ་དམ་སོགས་ལ་རྒྱུས་ལོན་གནང་བ་མ་ཟད། ད་དུང་ཡུན་ནན་ཞིང་ཨུད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གནས་ཚུལ་སྙན་ཞུ་ལ་གསན་པ་རེད། ཝང་དབྱང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་ལ་ཡུན་ནན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས་གྲུབ་འབྲས་ཐོབ་པ་ལ་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས། ཡུན་ནན་ནི་རང་རྒྱལ་གྱི་དཔེ་མཚོན་རང་བཞིན་གྱི་མི་རིགས་མང་པོ་འདུས་སྡོད་ཁུལ་དང་ཆོས་ལུགས་མང་བའི་ཞིང་ཆེན་ཞིག་ཡིན། མི་རིགས་ཀྱི་ཆོས་ལུགས་ལས་དོན་ལེགས་པོ་བསྒྲུབ་རྒྱུ་ནི་རྒྱལ་ཡོངས་ལ་དོན་སྙིང་གལ་ཆེན་ལྡན་པས། བློ་བརྟན་འགྱུར་མེད་ངང་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་བྱ་དགོས་པ། མི་རིགས་སོ་སོས་ཕན་ཚུན་བར་མཛའ་མཐུན་དང་ཕན་ཚུན་དགའ་གཅེས། ཕན་ཚུན་འབྲེལ་འདྲེས་བྱ་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་མུ་མཐུད་སྲ་བརྟན་དུ་བཏང་ནས། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཉམས་མྱོང་གསོག་དགོས། ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ། ཆོས་ལུགས་ནི་སྤྱི་ཚོགས་རིང་ལུགས་དང་སྔར་བས་འཚམ་པ་ཡོང་བར་སྣེ་ཁྲིད་བྱེད་པ་དང་། ཆོས་ལུགས་སྡེ་ཁག་གིས་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། ཁ་བྲལ་དང་གཏོར་སྐྱོན་གཏོང་བའི་བྱེད་སྒོ་ཁག་དང་བློ་ཐག་རྦད་ཆོད་ཀྱིས་འཐབ་རྩོད་བྱེད་རྒྱུ་དང་། ཆོས་སྲོལ་དག་ཐེར་དང་འཇོན་ཐང་ཅན་གསོ་སྐྱོང་གཙོར་བྱས་ནས་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་སྐྱེད་དེ། ཆོས་ལུགས་ཚོང་ལས་ཅན་དུ་འགྱུར་བའི་ཁ་ཕྱོགས་གཏན་འགོག་བྱ་རྒྱུ་དང་། བོད་བརྒྱུད་ནང་བསྟན་བདེ་ཐང་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱ་དགོས་པ་བཅས་གསུངས་ཡོད། 
     ཝང་དབྱང་གིས། ཡུན་ནན་བོད་ཁུལ་དུ་དབུལ་ཕོངས་འབྱུང་སླ་བ་དང་དབུལ་ཕོངས་བྱུང་ཚད་མཐོ་བ་དང་། དབུལ་ཕོངས་གྱུར་བའི་རྒྱུ་རྐྱེན་རྙོག་འཛིང་ཆེ་ཞིང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལྗིད་རྫོབ་ཆེན་པོ་འདུག བློ་བརྟན་འགྱུར་མེད་ངང་ད་ལྟ་ལག་བསྟར་བྱེད་བཞིན་པའི་དབུལ་ཕོངས་ཚད་གཞིར་དམིགས་ནས། "སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ"ལག་བསྟར་ནང་དུ་ལུས་པའི་གནད་དོན་དག་བློ་རྩེ་གཅིག་སྒྲིམ་གྱིས་འཚོལ་ནས་ཐོག་མར་ཐག་གཅོད་བྱ་དགོས་ཤིང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཁྱབ་ཁོངས་རྒྱ་ཆེར་སྐྱེད་པ་དང་། དབུལ་སྐྱོར་གྱི་ཚད་གཞི་མཐོ་རུ་གཏོང་བ། "སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ"གྱི་སྤུས་ཚད་ཐག་གཅོད་ལ་གནོད་སྐྱེལ་བ་བཅས་ཀྱི་འཕེལ་ཕྱོགས་སེམས་ཐག་རྦད་བཅད་ཀྱིས་སེལ་ཐབས་བྱེད་དགོས་པ་དང་།  དུས་ལྟར་ལྟོས་མེད་ཀྱི་དབུལ་ཕོངས་ལས་སྒྲོལ་བ་མངོན་འགྱུར་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་ལས་འགན་ཁག་ཐེག་བྱ་དགོས། སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་བསྐྱར་དར་བར་ཕན་ནུས་ལྡན་པའི་འབྲེལ་མཐུད་ཡོང་བ་བྱེད་པ་དང་། ཁྱད་ཆོས་ལྡན་པའི་ཕུལ་བྱུང་ཐོན་ལས་གསོ་སྤེལ་ཤུགས་ཆེན་གཏོང་བ། དབུལ་སྐྱོར་གནས་ཡུལ་སྤོར་རྗེས་ཀྱི་འཕེལ་རྒྱས་གནད་དོན་ཐག་གཅོད་བྱེད་པ། སྤྱི་སྤྱོད་ཐོན་ཁུངས་དེ་དབུལ་ཐལ་ཆེ་བའི་ས་ཁུལ་ལ་ཁ་ཕྱོགས་པ་སྐུལ་འདེད་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་དང་རིམ་བཞིན་ཕྱུག་པོ་མངོན་འགྱུར་ཡོང་བ་བྱ་དགོས། དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་མཉམ་དུ་འབྲེལ་རྒྱུ་རྒྱུན་འཁྱོངས་བྱས་ནས། དབུལ་སྒྲོལ་གཟི་བརྗིད་ཡིན་པའི་ཁ་ཕྱོགས་ཤུགས་ཆེར་སྟོན་པ་དང་། དབུལ་ཕོངས་མང་ཚོགས་རང་སྟོབས་རང་སྤེལ་ལ་བརྟེན་ནས་དབུལ་ཕོངས་ནས་ཕྱུག་པོར་འགྱུར་བའི་འདུ་ཤེས་སྐྱེད་སྲིང་བྱས་ཏེ། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་འབོར་གྱིས་རང་ཉིད་འཕེལ་རྒྱས་གཏོང་བའི་ནུས་པ་ཇེ་མཐོར་གཏོང་དགོས་པ་བཅས་གསུངས། 
     ཚེས་17ཉིན། ཝང་དབྱང་གིས་ཁུན་མིང་གི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་དང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ལས་བྱེད་པ་རྣམས་ལ་འཚམས་འདྲི་གནང་ཡོད། 


  • ལེ་ཚན་སྔོན་མ།:ས་སྐྱ་རྫོང་གིས“ཡག་པོ་ལྔའི”གསར་གཏོད་ལ་བརྟེན་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”རྣམ་པ་ཟབ་མོ་བཏོད་པ།
  • ལེ་ཚན་རྗེས་མ།:ཕོ་བྲང་པོ་ཏ་ལར་ལོ་རེའི་ཐེངས་རེ་ཅན་གྱི་དཀར་རྩི་བྱུག་འགོ་བརྩམས།
  • དོ་སྣང་ཆེ་བའི་རྩོམ།