ཝང་ཆི་ཧྲན་གྱིས་ཀྲུང་གོ་དང་ཧྥ་རན་སིའི་ན་གཞོན་འགོ་ཁྲིད་པའི་གླེང་སྟེགས་སྐབས་དྲུག་པའི་འཐུས་ཚབ་པར་མཇལ་འཕྲད་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2018-10-18

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་བཅོ་ལྔ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཧྥ་རན་སིའི་ན་གཞོན་འགོ་ཁྲིད་པའི་གླེང་སྟེགས་སྐབས་དྲུག་པར་ཞུགས་པར་ཡོང་བའི་ཕྱོགས་གཉིས་ཀྱི་འཐུས་ཚབ་པར་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་བསྟན་དོན། མིག་སྔར་མིའི་རིགས་སྤྱི་ཚོགས་དེ་ཐུན་མོང་གི་གོ་སྐབས་དང་ཉེན་ཁ། འགྲན་རྩོད་མང་པོར་འཕྲད་ཡོད་པ་དང་། རྒྱལ་ཁབ་གང་གིས་ཀྱང་རང་སྲུང་བྱེད་མི་ཐུབ་ལ། དཔལ་འབྱོར་འཛམ་གླིང་ཅན་ནི་འཕེལ་ཕྱོགས་གཙོ་བོ་ཡིན། ཀྲུང་གོ་དང་ཧྥ་རན་སི་གཉིས་ནི་ལོ་རྒྱུས་ཀྱི་རིག་གནས་ཀྱི་རྫོང་མཐུག་པའི་རླབས་ཆེན་གྱི་རྒྱལ་ཁབ་ཡིན་ལ། ད་ལོའི་ཟླ་དང་པོའི་ནང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མཱ་ཁི་ལོང་གཉིས་ཀྱིས་དུས་རབས་གསར་བའི་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་བཟང་བོ་མཛད་པ་དང་། ཕྱོགས་གཉིས་ཀྱིས་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་རྒྱུས་ལོན་དང་གྲོས་མོལ། མཉམ་ལས་ལ་ཤུགས་བསྣན་ནས། འཆར་འགོད་མངོན་སུམ་དུ་བསྒྱུར་བ་དང་། མཉམ་དུ་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་ན་གཞོན་ཚོས་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཕན་ཚུན་རྒྱུས་ལོན་བྱེད་པ། མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། སྔར་ལས་གསོན་ཤུགས་ལྡན་པ་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བའི་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་ཐད་བྱས་རྗེས་འཇོག་དགོས་ཟེར།

གླེང་སྟེགས་ལ་ཞུགས་པའི་འཐུས་ཚབ་པས། ཀྲུང་གོ་དང་ཧྥ་རན་སིའི་འགོ་ཁྲིད་པའི་གླེང་སྟེགས་ནི་རྒྱལ་ཁབ་གཉིས་ཀྱི་ན་གཞོན་ཚོའི་བརྗེ་རེས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། མུ་མཐུད་དུ་ཐུན་མོང་གི་ལྟ་བ་གྲུབ་པར་བྱེད་པ་དང་། མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་བཏོན་ནས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་ལེན་དགོས་པའི་ཚུལ་བསྟན།  །


  • ལེ་ཚན་སྔོན་མ།:《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི》དཔེ་སྐྲུན་སྐོར་གྱི་དཔྱད་གླེང་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་འགོ་མཛིན་མཛད་དེ་ཀྲུང་དབྱང་སྐབས་བཅུ་དགུ་པའི་དམངས་དམག་མཉམ་བསྲེས་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།