གསར་འགྱུར་གནད་བསྡུས།

        2018-10-17

༄༅།། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲྭ་ཚུགས་ཐོག་གནས་ཚུལ་ཡོངས་བསྒྲགས་བྱས་པ་ལྟར་ན། འདི་ལོའི་ཟླ་བརྒྱད་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན5565བྱུང་བ་དང་། མི7846ལ་ཞིབ་བཤེར་ཆད་གཅོད་བྱས་ཤིང་། མི5452ལ་ཏང་སྒྲིག་དང་སྲིད་དོན་གྱི་ཆད་པ་བཅད་ཡོད།།

༄༅།། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱང་སྒྲིབ་ཇི་ལྟར་འགོག་ཐབས་དང་། དྲྭ་རྒྱར་དབྱིངས་ཚུད་པའི་དབྱེ་མཚམས་ཀྱི་ཚད་གཞི་ཇི་ལྟར་དབྱེ་རྒྱུའི་ཐད། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་ཚེས25ཉིན《ཀྲུང་གོའི་གཞོན་ནུ་ལོ་ཆུང་གི་བདེ་ཐང་སློབ་གསོའི་ལྟེ་བའི་ཆ་འཕྲིན་དང་དེའི་ནང་དོན་འགྲེལ་བཤད(2018ལོའི་པར་མ)》ཡོངས་བསྒྲགས་བྱས་ནས་ལུས་རྒྱགས་པ་ཆགས་པ་དང་། རྒྱང་སྒྲིབ། དྲྭ་རྒྱར་དབྱིངས་ཚུད་པ་སོགས་གཞོན་ནུ་ལོ་ཆུང་གི་བདེ་ཐང་ལ་གནོད་པའི་གནད་དོན་དང་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོར་གསེད་བཀྲོལ་དང་ཕྱོགས་བསྡོམས་བྱས་ཡོད་པ་རེད།

༄༅།། ཤེས་རྟོགས་བྱུང་བར་གཞིགས་ན། ནོར་སྲིད་ཐོན་ཁུངས་ཀྱི་བཀོད་སྒྲིག་ལས་ཕྱོད་དང་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་ཆེད། རང་རྒྱལ་གྱིས་དུས་ཡུན་ལོ3ནས5ཡི་བར་སྤྱིའི་ཆ་ནས་ཕྱོགས་ཡོངས་དང་། བརྒྱུད་རིམ་ཧྲིལ་པོ། ཕྱོགས་ཡོངས་ལ་ཁྱབ་པ་བཅས་ཀྱི་སྔོན་རྩིས་ལས་རྗེས་དོ་དམ་མ་ལག་བསྐྲུན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:སྤྱི་བདེ་ལས་ཁུངས་ཀྱི2018ལོའི་དྲྭ་རྒྱ་གཙང་སེལ་གྱི་ཆེད་དོན་བྱ་སྤྱོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱི་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་པར“གཉིས་གཏོད”ཀྱི་གསོན་ཤུགས་གསར་པ་མངོན་པ།
  • དོ་སྣང་ཆེ་བའི་རྩོམ།