རང་ཁུལ་གྱི་སྒེར་གཉེར་དུད་ཚང་ཚུལ་སྒྱུར་རིམ་སྤར་བྱས་པའི་གྲུབ་འབྲས་མངོན་གསལ་ཐོབ།

        2018-10-17

 སྔར་ལས་ལྷག་པར་སྒེར་གཉེར་བཟོ་ཚོང་དུད་ཚང་ཁེ་ལས་སུ་ཚུལ་སྒྱུར་རིམ་སྤར་བྱེད་པའི་ལས་ཀར་སྐུལ་འདེད་གཏོང་ཆེད། ཁུལ་ཡོངས་ཀྱི་རྫོང་ཁག་སོ་སོའི་བཟོ་ཚོང་སྡེ་ཁག་གིས་སྒེར་གཉེར་བཟོ་ཚོང་དུད་ཚང་ཁེ་ལས་སུ་ཚུལ་སྒྱུར་རིམ་སྤར་བྱེད་པའི་ལས་ཀ་སྣ་ཚོགས་སྒྲུབ་གང་ཐུབ་བྱས་ནས། ལས་ཀའི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ནས་འགག་མདོའི་གནད་དོན་སེལ་གང་ཐུབ་བྱ་རྒྱུ་དང་། སྒེར་གཉེར་བཟོ་ཚོང་དུད་ཚང་སྟོབས་ལྡན་ཡོང་བར་རོགས་རམ་བྱས། རྫོང(གྲོང་ཁྱེར)སོ་སོའི་བཟོ་ཚོང་ཅུས་ཀྱིས་ལས་ཀའི་དོན་དངོས་དང་འབྲེལ་ནས། སྡེ་ཁག་བར་ཕན་ཚུན་རོགས་རམ་བྱེད་པའི་ནང་རྐྱེན་བཙུགས་ཏེ་ཚུལ་སྒྱུར་རིམ་སྤར་གྱི་ལས་ཀ་ཁྱོན་ཡོངས་སུ་སྤེལ་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་རེད།

   འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་ཞིང་འགན་འཁྲི་དོན་ཐོན་ཏུ་འཁྱོལ་བ་དང་། སྒེར་གཉེར་བཟོ་ཚོང་དུད་ཚང་གི་ཚུལ་སྒྱུར་རིམ་སྤར་ལས་ཀ་ཡག་པོ་སྒྲུབ་ཆེད། རྫོང(གྲོང་ཁྱེར)སོ་སོའི་བཟོ་ཚོང་ཅུས་ཀྱིས་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་ཅུས་ཀྲུང་གིས་ཚོ་དཔོན་གྱི་འགན་བཞེས་ནས། མགྱོགས་མྱུར་དང་མ་སྐུལ་དང་བླངས་ཀྱི་སྒོ་ནས་འགན་ནུས་སྡེ་ཁག་སོ་སོ་དང་འབྲེལ་འདྲིས་བྱས་ཏེ། ཐུན་མོང་དུ་ལས་ཀའི་འཆར་འགོད་གཏན་འབེབས་བྱས་ཏེ་གོང་འོག་མཉམ་འབྲེལ་དང་ཕྱི་ནང་རོགས་རེས་བྱེད་པའི་རྣམ་པ་ཆགས་ཡོད། མངའ་ཁོངས་ས་ཁུལ་ནང་གི་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་བརྟག་ཞིབ་མཐིལ་ལོན་བྱས་ཏེ། སྒེར་གཉེར་བཟོ་ཚོང་དུད་ཚོང་གི་གྲངས་ཀ་དང་གཞི་ཁྱོན། ཚོང་གཉེར་གྱི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས་རྗེས། དྲྭ་བ་ཅན་དུ་ལྟ་སྐུལ་དོ་དམ་བྱེད་པ་དང་འབྲེལ་ནས་དམིགས་ཚད་དེ་དག་རིམ་པ་བཞིན་དུ་ཁོངས་གཏོགས་ས་ཁུལ་སོ་སོའི་ལྟ་སྐུལ་དོ་དམ་ཁང་དུ་ཁག་བགོས་ནས་གསོ་སྐྱོང་བྱ་ཡུལ་གཙོ་བོའི་རྗེས་གྲབས་གྲངས་མཛོད་བཙུགས་པ་རེད། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)16གི་བཟོ་ཚོང་ཅུས་ཀྱིས་སྒེར་གཉེར་དུད་ཚང་ཁེ་ལས་སུ་ཚུལ་སྒྱུར་རིམ་སྤར་བྱེད་པའི་རྗེས་གྲབས་གྲངས་མཛོད་འཛུགས་གཉེར་བྱས། རྫོང(གྲོང་ཁྱེར)སོ་སོའི་བཟོ་ཚོང་ཅུས་ཀྱིས་ལས་ཀའི་དོན་དངོས་དང་འབྲེལ་ནས་འགན་ནུས་སྡེ་ཁག་སོ་སོ་དང་ཐུན་མོང་དུ་ཚུལ་སྒྱུར་རིམ་སྤར་གྱི་བྱེད་ཐབས་དོན་འཁྱོལ་བྱས་པ་དང་། ཐུན་མོང་དུ་སྒེར་གཉེར་དུད་ཚང་གི་ཚུལ་སྒྱུར་རིམ་སྤར་བྱེད་རིང་གི་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་རོགས་རམ་བྱས་ནས། སྒེར་གཉེར་བཟོ་ཚོང་དུད་ཚང་ཁེ་ལས་སུ་ཚུལ་སྒྱུར་རིམ་སྤར་བྱེད་པའི་ཐོ་འགོད་ལས་ཀ་ཐོགས་འགག་མེད་པ་བྱ་རྒྱུ་དང་། སྒེར་གཉེར་བཟོ་ཚོང་དུད་ཚང་ཁེ་ལས་ཚུལ་སྒྱུར་རིམ་སྤར་བྱེད་པའི་ཞབས་ཞུ་ལས་ཀ་ཡག་པོ་བསྒྲུབས་ཤིང་། འབྲེལ་ཡོད་སྡེ་ཁག་གི་རོགས་རམ་འོག་མིག་སྔར་ཁུལ་ཡོངས་ཀྱི་སྒེར་གཉེར་དུད་ཚང20ཁེ་ལས་སུ་ཚུལ་སྒྱུར་རིམ་སྤར་བྱས་ཡོད་པ་རེད།།(དབྱངས་ཅན་གྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཁར་ཚོད་འཛིན་ནུས་ལྡན་ཐེབས།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།