སྐབས་དང་པོའི་འཛམ་གླིང་གི་ཀྲུང་ལུགས་གསོ་རིག་གི་བདེ་ཐང་གླེང་སྟེགས་འགོ་ཚུགས་པ།

    མི་དམངས་དྲ་བ།    2018-10-16

གླེང་སྟེགས་ཐོག་ཧྲེན་ནུང་ཅའི་ཀྲུང་ལུགས་གསོ་རིག་ཐོན་ཁུངས་ཀྱི་གནས་ཚུལ་ཡོངས་རྫོགས་གང་ལེགས་མངོན་པའི《ཧྲེན་ནུང་ཅའི་ཀྲུང་ལུགས་སྨན་རྫས་ ཐོན་ཁུངས་ཀྱི་དཔེ་རིས་དཀར་ཆག》ཐོག་མར་ཡོངས་བསྒྲགས་བྱས་པ།

      ཟླ10པའི་ཚེས13ཉིན་གྱི་སྔ་དྲོ། སྐབས་དང་པོའི་འཛམ་གླིང་གི་ཀྲུང་ལུགས་གསོ་རིག་གི་བདེ་ཐང་གླེང་སྟེགས་ཧུའུ་པེ་ཧྲེན་ནུང་ཅ་ནགས་ཁུལ་དུ་འགོ་ཚུགས་ཤིང་། གླེང་སྟེགས་ཐོག ཧྲེན་ནུང་ཅའི་ཀྲུང་ལུགས་གསོ་རིག་ཐོན་ཁུངས་ཀྱི་གནས་ཚུལ་ཡོངས་རྫོགས་གང་ལེགས་མངོན་པའི《ཧྲེན་ནུང་ཅའི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཀྱི་དཔེ་རིས་དཀར་ཆག》ཐོག་མར་ཡོངས་བསྒྲགས་བྱས་ནས་ཁྱབ་ཁོངས་དེའི་སྟོང་ཆ་བསྐངས་ཡོད་པ་རེད།
      སྐབས་འདིའི་གླེང་སྟེགས་དེ་ནི་འཛམ་གླིང་ཀྲུང་ལུགས་གསོ་རིག་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་དང་། ཧུའུ་པེ་ཞིང་ཆེན་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན། ཧྲེན་ནུང་ཅ་ནགས་ཁུལ་སྲིད་གཞུང་སོགས་ཚན་པས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཀྲུང་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་། མཁས་དབང་། ཁེ་ལས་མཁས་ཅན་བཅས་ཁྱོན་400ལྷག་ཙམ་གྱིས་ཀྲུང་ལུགས་གསོ་རིག་དང་བདེ་ཐང་ཆེ་མོའི་འཕེལ་རྒྱས་ལ་དམིགས་ནས་རིག་གཞུང་བགྲོ་གླེང་དང་སྤེལ་རེས་བྱས་ཏེ་ཐོན་ལས་ཞིབ་འཇུག་དང་མཉམ་ལས་ལ་སྐུལ་འདེད་བཏང་ཡོད་པ་རེད།
      ཧྲེན་ནུང་ཅ་ནི་རང་རྒྱལ་གྱིས“ནགས་ཁུལ”མིང་ལ་བཏགས་པའི་སྲིད་འཛིན་ཁུལ་ཞིག་རེད། དེ་གར་སའི་གོ་ལའི་ཕྱེད་བྱང་མའི་ནགས་ཚལ་ཡོད་པ་དེར་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཧྲེན་ནུང་ཅར་ཀྲུང་ལུགས་གསོ་རིགས་ཀྱི་སྨན་རྩྭ་སྣ་ཁ་ཁྱོན་252དང་རིགས་2552ཡོད་པ་དང་། ཀྲུང་ལུགས་སྨན་རྫས་ཐོན་ཁུངས་རིགས་ཀྱིས་རྒྱལ་ཡོངས་ཀྱི་དྲུག་ཆ་གཅིག་ཟིན་པ་དང་། ཧུའུ་པེའི་གསུམ་ཆ་གཉིས་ཟིན་ནས“ཀྲུང་ལུགས་སྨན་རྩྭའི་བང་མཛོད”དང“ཀྲུང་ལུགས་སྨན་རྩྭའི་རྒྱལ་ལྡན་རྒྱལ་ཁབ”ཅེས་པའི་མཚན་སྙན་གསོལ་ཡོད།
      ཉེ་བའི་ལོ་ཤས་རིང་། ཧྲེན་ནུང་ཅ་ནགས་ཁུལ་གྱིས་ཀྲུང་ལུགས་གསོ་རིག་གི་་བདེ་ཐང་ལུས་གསོའི་ཐོན་ལས་ནི་སྣོད་བཅུད་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདུ་འགོད་གལ་ཆེན་ཞིག་ལ་བརྩིས་ནས་སྐུལ་འདེད་བཏང་སྟེ། བདེ་ཐང་ལུས་གསོའི་རྣམ་གྲངས་ཁག་གཅིག་དོན་འཁྱོལ་བྱས་པས་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་ལས་རིགས་དང་། ཡུལ་སྐོར་ལས་རིགས། བདེ་ཐང་ཞབས་ཞུའི་ལས་རིགས་སོགས་འབྲེལ་ཡོད་ཐོན་ལས་སྔར་བས་མཉམ་འདྲེས་དང་འཕེལ་རྒྱས་བྱུང་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ལི་ཁེ་ཆང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་འགོ་གཙོ་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་བདུན་པར་ཞུགས།
  • ལེ་ཚན་རྗེས་མ།:བློ་མཐུན་ཞི་ཅིན་ཕིང་གི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་མཐའ་འཁྱོངས་བ་གཏོང་རྒྱུའི་སྐོར་གླེང་བ་ཞེས་པའི་དཔེ་དེབ་དཔར་དུ་སྐྲུན་པ།
  • དོ་སྣང་ཆེ་བའི་རྩོམ།