༼སྔོན་མོ་སྤང་གི་མེ་ཏོག༽ཅེས་པའི་བརྩམས་པོད་ཅིག་འགྲེམ་སྤེལ་བྱས།

        2018-10-15

༼སྔོན་མོ་སྤང་གི་མེ་ཏོག༽ཅེས་པའི་བརྩམས་པོད་ཅིག་འགྲེམ་སྤེལ་བྱས།

    ཉེ་ཆར་ཁམས་སྡེ་དགེའི་ན་གཞོན་རྩོམ་པ་པོ་སྨན་སྒང་མདའ་སྨྱོན་ནམ་སྨན་སྒང་བློ་གྲོས་རྣམ་རྒྱལ་གྱིས་བརྩམས་པའི་དེབ་གསར༼སྔོན་མོ་སྤང་གི་མེ་ཏོག༽ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་ཏེ་མདོ་དབུས་ཁམས་གསུམ་གྱི་ས་ཆ་སོ་སོ་ལ་བཀྲམ།

༼སྔོན་མོ་སྤང་གི་མེ་ཏོག༽ཅེས་པའི་བརྩམས་པོད་ཅིག་འགྲེམ་སྤེལ་བྱས།

    ༼  སྔོན་མོ་སྤང་གི་མེ་ཏོག ༽ ཅེས་པ་འདི་ནི། ཁམས་སྡེ་དགེའི་ན་གཞོན་རྩོམ་པ་པོ་སྨན་སྒང་མདའ་སྨྱོན་ནམ་སྨན་སྒང་བློ་གྲོས་རྣམ་རྒྱལ་གྱིས་སེམས་ཀྱི་དབུས་སུ་ཉར་བའི་དམིགས་ཡུལ་དང་། རེ་བ། བསམ་འཆར། ལྟ་ཚུལ་སོགས་སྙན་ཚིག་གི་དྲི་མ་དང་འགྲོགས་ཏེ༼  དྲིན་དྲན་སེམས་ཀྱི་མཆོད་འབུལ ༽  ༼  ལྷུག་རྩོམ་རྫ་ཆབ་སིལ་མ ༽  ༼  སློབ་གསོ་མུན་སེལ་སྒྲོན་མེ ༽   ༼  རང་མོས་བུ་མོའི་འགྱུར་ཁུག ༽   ༼  གནས་ལུགས་བཅོས་མེད་རང་ཤར ༽   ༼  སྙན་ཚིག་དྲི་ཟའི་རྒྱུད་མང ༽  བཅས་དུམ་ཚན་དྲུག་གིས་གྲུབ་པའི་བཅད་རྩོམ་དང་། ལྷུག་རྩོམ། དཔྱད་རྩོམ། རང་མོས་སོགས་ཀྱིས་ངོས་ནས་བྲིས་པའི་ཕུལ་བྱུང་གི་བརྩམས་ཆོས་གསར་པ་ཞིག་གོ།

  • ལེ་ཚན་སྔོན་མ།:དྲག་ཆས་ཉེན་རྟོག་དཔུང་སྡེ་དང་ནུབ་རྒྱུད་འཐབ་ཁུལ་བཀོད་འདོམས་དཔུང་སྡེས་འབྲི་ཆུའི་ཆུ་བསྐྱིལ་མཚེའུའི་ཉེན་སེལ་རོགས་སྐྱོར་ལས་ཀ་སྤེལ།
  • ལེ་ཚན་རྗེས་མ།:དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཁར་ཚོད་འཛིན་ནུས་ལྡན་ཐེབས།
  • དོ་སྣང་ཆེ་བའི་རྩོམ།