སྐྱེ་ཁམས་ཁོར་ཡུག་པུས་འབྲི་ཆུའི་ཁོར་ཡུག་ཉེན་ཁ་ལ་ཁ་གཏད་འཇལ།

​མིག་དམར་གྱིས་བསྒྱུར།        2018-10-14

    ཚེས12ཉིན་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་བརྡ་ཁྱབ་བཏང་སྟེ། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་གི་འབྲེལ་མཚམས་སུ་རི་ཉིལ་ཏེ་འབྲི་ཆུའི་བཞུར་རྒྱུན་བཀག་སྟེ་ཆུ་བསྐྱིལ་མཚེའུ་གྱུར་བའི་ཉེན་ཁའི་གནས་ཚུལ་བྱུང་ཞིང་། སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཚེས11ཉིན་བྲེལ་མྱུར་ངང་ས་གཤིས་གནོད་འཚེ་བྱུང་སྟེ་ཁོར་ཡུག་ལ་གནོད་པའི་དོན་རྐྱེན་མི་འབྱུང་བ་སྔོན་འགོག་དང་བབ་བསྟུན་གྲ་སྒྲིག་ལས་ཀར་བཀོད་སྒྲིག་བྱས་པ་རེད། བརྡ་ཁྱབ་ལ་གཞིགས་ན། དོན་རྐྱེན་བྱུང་རྗེས། བོད་ལྗོངས་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་ཁོར་ཡུག་སྲུང་སྐྱོང་ཐིང་གིས་མགྱོགས་མྱུར་བརྡ་ལན་ཞུས་ཏེ་ཆབ་མདོ་དང་དཀར་མཛེས་ཁུལ་གཉིས་ཀྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་སྔོན་ནས་བབ་བསྟུན་གྲ་སྒྲིག་བྱ་བ་ལེགས་པར་བསྒྲུབས་ཏེ། འབྲི་ཆུའི་ཆུ་བསྐྱིལ་མཚེའུའི་སྨད་རྒྱུད་ཀྱི་ལམ་རྒྱུད་དུ་ཁྱོན་ཡོངས་ནས་ཁོར་ཡུག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ་ཞོར་ཐོན་གྱི་ཁོར་ཡུག་སྦགས་བཙོག་གི་གནད་དོན་འབྱུང་ཉེན་ཡོད་པ་འགོག་ཟོན་བྱས་ཡོད། མིག་སྔར། ཐེངས་འདིའི་རི་ཉིལ་བ་བརྟེན་ནས་གློ་བུར་དུ་ཐོན་པའི་ཁོར་ཡུག་གི་དོན་རྐྱེན་བྱུང་མེད་པ་རེད། 

  • ལེ་ཚན་སྔོན་མ།:བབ་བསྟུན་དོ་དམ་པུའུ་ཡིས་གེགས་སེལ་དངོས་ཟོག་གཏོང་སྤྲོད་བྱས།
  • ལེ་ཚན་རྗེས་མ།:དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
  • དོ་སྣང་ཆེ་བའི་རྩོམ།