ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་ཡིས་གནོད་སྐྱོབ་ལས་ཀར་བཀོད་པ་བྱས།

སྐལ་ཐུབ་ཀྱིས་བསྒྱུར།        2018-10-14

     སྤྱི་ཟླ10པའི་ཚེས13ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་རྣམ་གཉིས་དང་རྒྱལ་ཁབ་བབ་བསྟུན་དོ་དམ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཆུ་བེད་པུའུ་ཡི་པུའུ་ཀྲང་གཞོན་པ་ཡེ་ཅན་ཁྲུན། ཞིང་དཔོན་གཞོན་པ་རྡོ་རྗེ་རབ་བརྟན་བཅས་ཀྱིས་དཔལ་ཡུལ་རྫོང་དུ་བཞུགས་མོལ་གྲོས་ཚོགས་འཚོགས་ཏེ། གནོད་སྐྱོན་ལ་ཁ་གཏད་འཇལ་བ་དང་མང་ཚོགས་བཀོད་སོགས་ཀྱི་འབྲེལ་ཡོད་ལས་ཀར་ཞིབ་འཇུག་བྱས་པ་རེད།

     བཞུགས་མོལ་གྲོས་ཚོགས་མཇུག་བསྒྲིལ་མ་ཐག་ནས་བརྙན་འཕྲིན་བཀོད་གཏོང་གྲོས་ཚོགས་འཚོགས་ཏེ་ད་ལྟ་འབྲི་ཆུའི་དཔལ་དགེའི་ཆུ་བསྐྱིལ་མཚེའུ་གཤོང་རྒྱུག་གནས་ཚུལ་དང་དཔལ་ཡུལ། འབའ་ཐང་། སྡེ་རོང་བཅས་རྫོང་གསུམ་གྱིས་གནོད་འགོག་གནོད་སྐྱོབ་བྱས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ཕྱིན་ཆད་ལས་ཀར་བཀོད་སྒྲིག་བྱས་པ་རེད།

     གྲོས་ཚོགས་མཇུག་བསྒྲིལ་རྗེས། ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་ད་དུང་འབྲི་ཆུའི་འབབ་རྒྱུད་ཀྱི་ཡུལ་དངོས་སུ་སྐོར་ཞིབ་ཏུ་ཕེབས་ནས་གནོད་སྐྱོན་ཐེབས་ཚུལ་རྒྱུས་ལོན་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུ་དང་ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། དཔལ་ཡུལ་རྫོང་ཨུའི་ཧྲུའུ་ཅི་ཁང་ཀོང་ཡིའུ། དཀར་མཛེས་ཡན་ལག་དམག་ཁུལ་གྱི་སི་ལི་ཡོན་ལི་ཡུང་བཅས་གོང་རིམ་བྱེད་སྒོར་ཞུགས་པ་རེད།


  • ལེ་ཚན་སྔོན་མ།:རྡོ་རྗེ་རབ་བརྟན་གྱིས་དཔལ་ཡུལ་རྫོང་གི་ཆུ་བསྐྱིལ་མཚེའུའི་གནོད་གཡོལ་མང་ཚོགས་བཀོད་སྒྲིག་བྱེད་ཡུལ་དུ་འཚམས་འདྲི་གནང་།
  • ལེ་ཚན་རྗེས་མ།:བབ་བསྟུན་དོ་དམ་པུའུ་ཡིས་གེགས་སེལ་དངོས་ཟོག་གཏོང་སྤྲོད་བྱས།
  • དོ་སྣང་ཆེ་བའི་རྩོམ།