རྡོ་རྗེ་རབ་བརྟན་གྱིས་དཔལ་ཡུལ་རྫོང་གི་ཆུ་བསྐྱིལ་མཚེའུའི་གནོད་གཡོལ་མང་ཚོགས་བཀོད་སྒྲིག་བྱེད་ཡུལ་དུ་འཚམས་འདྲི་གནང་།

ཡེ་ཤེས་ཀྱིས་བསྒྱུར།        2018-10-13

     ཟླ་བ10པའི་ཚེས11ཉིན། རི་ཉིལ་ནས་འབྲུ་ཆུ་བཅད་པའི་ཉེན་སེལ་བབ་བསྟུན་ཐག་གཅོད་ཀྱིས་ལས་དོན་བསྒྲུབས་རྗེས།  སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་རྡོ་རྗེ་རབ་བརྟན་དཔལ་ཡུལ་རྫོང་གི་ཆུ་བསྐྱིལ་མཚེའུའི་གནོད་གཡོལ་མང་ཚོགས་བཀོད་སྒྲིག་བྱེད་ཡུལ་དུ་འཚམས་འདྲི་གནང་དུ་ཕེབས་ནས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་། ཞིང་དཔོན་དབྱི་ལི་གཉིས་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་བྱས་ཤིང་། ཁོང་གིས་ཚང་མས་མིག་མདུན་གྱི་དཀའ་ངལ་སེལ་རྒྱུར་འབད་བརྩོན་བྱེད་པ་དང་། ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་དང་རོགས་རམ་འོག རང་བྱུང་གནོད་འཚེ་ཚབས་ཆེན་ལས་རྒྱལ་ནས་མཛེས་སྡུག་ལྡན་པའི་ཕ་ཡུལ་བསྐྱར་སྐྲུན་བྱ་དགོས་ཞེས་བསྟན་པ་རེད།

རྡོ་རྗེ་རབ་བརྟན་གྱིས་དཔལ་ཡུལ་རྫོང་གི་ཆུ་བསྐྱིལ་མཚེའུའི་གནོད་གཡོལ་མང་ཚོགས་བཀོད་སྒྲིག་བྱེད་ཡུལ་དུ་འཚམས་འདྲི་གནང་།

     འབྲི་ཆུའི་ཡུལ་ཚོའི་བཀོད་སྒྲིག་བྱ་ཡུལ་ནས་དབུ་གྲོང་བཀོད་སྒྲིག་བྱ་ཡུལ་དུ་རྡོ་རྗེ་རབ་བརྟན་གྱིས་འབྲས་དང་། གྲོ། བཟའ་སྣུམ་བསྐྱལ་ཞིང་། གུར་ནང་གི་མང་ཚོགས་ལ་འཚོ་བའི་ཐོག་དཀའ་ངལ་དང་གནད་དོན་གང་ཞིག་ཡོད་ཅེས་དྲིས་པ་རེད།  ཁོང་གིས་ཚང་མར་སྙིང་རྗེ་མེད་པའི་རང་བྱུང་གནོད་འཚེར་འཕྲད་དུས། ང་ཚོས་དེ་མ་ཐག་ཉེན་གཡོལ་གྱི་བྱེད་ཐབས་བྱས་ཏེ། མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་ཡོད། ད་ལྟ་སྟོན་ཟླ་ཐ་མར་བསླེབས་དུས་གུར་ནང་དུ་རླུང་འགོག་པ་དང་དྲོད་སྲུང་བ། ཆུ་འགོག་བཅས་ལ་དོ་སྣང་བྱ་དགོས། ཚང་མ་བདེ་མོ་དྲོ་མོ་སྡོད་ཐུབ་པ་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
     དབུ་གྲོང་བཀོད་སྒྲིག་བྱ་ཡུལ་དུ། རྡོ་རྗེ་རབ་བརྟན་གྱིས་གྲོང་མི་དཔལ་སྒྲུབ་ཚང་གི་སློབ་གྲྭར་འདོན་བཞིན་པའི་ཕྲུ་གུ་གཉིས་དང་ནང་མི་གསུམ་བཅས་ཁྱིམ་མི་ལྔ་ཀ་ལ་སྲིད་གཞུང་གིས་བཀོད་སྒྲིག་ལེགས་པོ་བྱས་ཡོད་པ་ཤེས་ཚེ།

     ཁོང་གིས་མང་ཚོགས་ཚོར་མི་མི་ཤི་ན་བློ་མི་ཟད་ཅེས་པའི་གཏམ་དཔེ་གསུངས་པ་དང་། ཁུལ་རྫོང་ཤང་བཅས་ཀྱི་ལས་དོན་མི་སྣ་དང་དབུ་གྲོང་གི་གྲོང་མིའི་ཨུ་ལྷན་གཉིས་ཀྱི་བློ་མཐུན་རྣམས་ལ་ས་གཤིས་གནོད་འཚེའི་སྙིང་རྗེ་མེད་རུང་མི་ལ་སྙིང་རྗེ་ཡོད་དགོས། ཏང་ཨུ་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་སེལ་འགོག་སྐྱོབ་དང་། གང་ཅི་ཐད་ནས་བཀོད་སྒྲིག་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་མེད་པར་བྱ་དགོས་ཞེས་བཀའ་མངགས་གནང་བ་རེད།
     རྡོ་རྗེ་རབ་བརྟན་དང་བཅས་པ་དཔལ་རྒྱས་ཟམ་པ་རུ་ཕེབས་ནས་འབྲི་ཆུའི་ཆུ་བོ་འཕེལ་འགྲིབ་གནས་ཚུལ་ལ་ལྟ་ཞིབ་བྱས་པ་རེད།

     ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་དང་དཔལ་ཡུལ་རྫོང་གི་འབྲེལ་ཡོད་བློ་མཐུན་འཚམས་འདྲིའི་ནང་ཞུགས་ཡོད། 


  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་གནོད་འགོག་ཉེན་གཡོལ་བྱས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་ཡིས་གནོད་སྐྱོབ་ལས་ཀར་བཀོད་པ་བྱས།
  • དོ་སྣང་ཆེ་བའི་རྩོམ།