ཞིང་ཆེན་རྒྱུན་ཨུའི་གྲོས་ཚོགས་སུ་སྔར་ལྷག་གིས་འབྲི་ཆུའི་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཁ་འཕྲལ་སྐྱོབ་དང་བབ་བསྟུན་མྱུར་སེལ་ལས་ཀར་ཞིབ་འཇུག་བཀོད་སྒྲིག་གནང་།

སྐལ་ཐུབ་ཀྱིས་བསྒྱུར།        2018-10-13

ཞིང་ཆེན་རྒྱུན་ཨུའི་གྲོས་ཚོགས་སུ་སྔར་ལྷག་གིས་འབྲི་ཆུའི་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཁ་འཕྲལ་སྐྱོབ་དང་བབ་བསྟུན་མྱུར་སེལ་ལས་ཀར་ཞིབ་འཇུག་བཀོད་སྒྲིག་གནང་།

    སི་ཁྲོན་ཉིན་རེའི་ཚགས་པར་ཁང་ནས་འབྱོར་བའི་གཏམ་གསར། སྤྱི་ཟླ10པའི་ཚེས11ཉིན་གྱི་སྔ་དྲོའི་ཆུ་ཚོད་བདུན་པར། དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི་འབྲེལ་མཚམས་སུ་རི་ཉིལ་ནས་འབྲི་ཆུ་བཀག་སྟེ་ཆུ་བསྐྱིལ་མཚེའུ་ཆགས་པས། དཀར་མཛེས་ཁུལ་གྱི་དཔལ་ཡུལ་རྫོང་དང་འབའ་ཐང་རྫོང་། སྡེ་རོང་རྫོང་བཅས་འབྲི་ཆུའི་སྨད་རྒྱུད་དུ་ཡོད་པའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར། དེ་མིན་ཆུ་གློག་ས་ཚུགས་དུ་མ་བཅས་ལ་གནོད་འཇིགས་ཐེབས་ཉེན་ཡོད་པ་རེད། ཉེན་ཁ་ཆེ་བའི་གནས་ཚུལ་བྱུང་མ་ཐག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་འབྲི་ཆུའི་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཁ་འཕྲལ་སྐྱོབ་དང་བབ་བསྟུན་མྱུར་སེལ་ལས་ཀར་མཆན་བཀོད་མཛུབ་སྟོན་གནང་བ་སྟེ། སི་ཁྲོན་གྱི་འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་གྱིས་མཐོང་ཆེན་བྱེད་ཅིང་བྱ་སྤྱོད་མྱུར་དུ་སྤེལ་ཞིང་། ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་བཀོད་འདོམས་བཅས་བྱས་ཏེ། གནོད་གཡོལ་དང་འཕྲལ་སྐྱོབ་ཀྱི་བརྒྱུད་རིམ་ཁྲོད་དུ་མི་སྣ་ཤི་རྨས་མི་འབྱུང་བར་ཁག་ཐེག་བྱ་དགོས།

   སྤྱི་ཟླ10པའི་ཚེས12ཉིན་གྱི་ཕྱི་དྲོར། ཕེང་ཆིང་ཧྭས་ཞིང་ཆེན་རྒྱུན་ཨུའི་གྲོས་ཚོགས་གཙོ་འགན་བཞེས་ནས། ཚོགས་ཐོག་ཏུ་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། འབྲི་ཆུའི་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཁ་འཕྲལ་སྐྱོབ་དང་བབ་བསྟུན་མྱུར་སེལ་ལས་ཀ་ཡག་པོ་བསྒྲུབ་དགོས་པའི་ཐད་སྔར་ལྷག་གིས་བཀོད་སྒྲིག་གནང་བ་རེད།

ཞིང་ཆེན་རྒྱུན་ཨུའི་གྲོས་ཚོགས་སུ་སྔར་ལྷག་གིས་འབྲི་ཆུའི་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཁ་འཕྲལ་སྐྱོབ་དང་བབ་བསྟུན་མྱུར་སེལ་ལས་ཀར་ཞིབ་འཇུག་བཀོད་སྒྲིག་གནང་།

   ཕེང་ཆིང་ཧྭས་ནན་གསུང་གནང་དོན། ཉེན་ཁ་འཕྲལ་སྐྱོབ་ཀྱི་གནས་བབ་ཛ་དྲག་ཆེ་ཞིང་རྙོག་དྲ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་ཅིང་། ཁ་ཚ་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཚད་མཐའི་བསམ་ཕྱོགས་ཇེ་ཆེར་བཏང་སྟེ་བྱེད་ཐབས་གོ་ཆོད་པ་སྤྱད་ནས་ཉེན་ཁ་འཕྲལ་སྐྱོབ་ལས་ཀར་སྐུལ་འདེད་གཏང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་སྒྲུབ་ཚོ་ཆུང་དང་ཆེད་རམས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག  ཕྱོགས་ཡོངས་ནས་ཉེན་ཁའི་གནས་ཚུལ་ལ་དབྱེ་ཞིབ་གནད་འཁེལ་པོ་བྱེད་ཅིང་།  ཐག་གཅོད་འཆར་འགོད་ཞིབ་ཚགས་འཐུས་ཚང་ཡིན་པ་དང་། ཉེན་ཁ་ཧུར་ཐག་དང་དཔའ་བརླིང་ངང་བསལ་དགོས། ལྷག་པར་དུ་མཐའ་སྐོར་གྱི་མི་མངོན་པའི་ས་གཤིས་གནོད་འཚེ་གཙང་བཤེར་བྱས་ཏེ་ཡང་བསྐྱར་གནོད་སྐྱོན་མི་ཐེབས་པ་སྔོན་འགོག་བྱ་དགོས། ཉེན་ཁ་འཕྲལ་སྐྱོབ་ཀྱི་འགྲོ་ལམ་མྱུར་བཟོ་བྱ་རྒྱུ་དང་། གློག་ཤུགས་དང་འཕྲིན་གཏོང་ཐོགས་པ་མེད་པ་དང་དངོས་རྫས་འདང་ངེས་ཡོད་པ་འགན་སྲུང་བྱས་ཏེ། ཉེན་སྐྱོབ་དང་གནོད་སྐྱོབ་ལ་ཆ་རྐྱེན་བཟང་པོ་བསྐྲུན་དགོས། འབྲི་ཆུའི་སྟོད་སྨད་ཀྱི་གནོད་འཇིགས་ཐེབས་ཉེན་ཡོད་པའི་མང་ཚོགས་གནོད་གཡོལ་མགྱོགས་པ་བྱ་རྒྱུ་དང་། བརྩེ་དུང་དང་འགན་འཁྲི་བཅངས་ནས་བཀོད་སྒྲིག་ལས་ཀ་ཡག་པོ་བསྒྲུབས་ཏེ། མི་དམངས་མང་ཚོགས་དང་ཉེན་ཁ་འཕྲལ་སྐྱོབ་མི་སྣའི་ཚེ་སྲོག་བདེ་འཇགས་ལ་ཁྱོན་ཡོངས་ནས་འགན་སྲུང་བྱ་དགོས། དུས་ཐོག་ཏུ་དབང་གྲགས་ཆེ་བའི་ཆ་འཕྲིན་བསྒྲགས་ཏེ་མ་བསྐུལ་དང་བླངས་ཀྱིས་སྤྱི་ཚོགས་ཀྱིས་སེམས་ཁུར་བྱེད་པར་དང་ལེན་ཞུ་བ་དང་། གནོད་ཐེབས་མང་ཚོགས་ལ་སེམས་གསོ་དང་བསམ་པའི་མྱ་ངན་སེལ་ཐབས་བྱས་ནས་མི་སེམས་བདེ་ཞིང་སྤྱི་ཚོགས་བརྟན་བརླིང་ཡོང་བར་ཁག་ཐེག་བྱ་དགོས།

ཞིང་ཆེན་རྒྱུན་ཨུའི་གྲོས་ཚོགས་སུ་སྔར་ལྷག་གིས་འབྲི་ཆུའི་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཁ་འཕྲལ་སྐྱོབ་དང་བབ་བསྟུན་མྱུར་སེལ་ལས་ཀར་ཞིབ་འཇུག་བཀོད་སྒྲིག་གནང་།

   ཕེང་ཆིང་ཧྭ་དང་དབྱི་ལིས་མངགས་བཅོལ་གནང་བ་ལྟར། ཞིང་དཔོན་གཞོན་པ་རྡོ་རྗེ་རབ་བརྟན་ཚེས11ཉིན་གྱི་ཕྱི་དྲོར་ཡུལ་དངོས་སུ་ཕེབས་ནས་ཉེན་ཁ་འཕྲལ་སྐྱོབ་དང་བབ་བསྟུན་མྱུར་སེལ་གྱི་ལས་ཀ་བསྒྲུབས་པ་རེད། ཞིང་ཆེན་ཆུ་ལོག་དང་ཐན་པ་སྔོན་འགོག་བཀོད་འདོམས་པུའུ་ཡིས་བརྡ་ཐོ་བཏང་ནས། རིམ་པ་བཞི་པའི་ཆུ་ལོག་སྔོན་འགོག་གི་བབ་བསྟུན་མྱུར་གཅོད་དང་ལེན་བྱེད་འགོ་ཚུགས་པ་དང་། ལས་ཁུངས་ཁག་དང་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་བཅས་ཀྱིས་དེ་མ་ཐག་བྱ་སྤྱོད་སྤེལ་ཏེ་སོ་སོའི་འགན་ནུས་ལྟར་ལས་ཀ་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།  ད་ཆ་ཆུ་རིག་ས་གཤིས་ཀྱི་ཆེད་རམས་པ་དང་ཕྱོགས་ཁག་གི་ཉེན་སེལ་གནོད་སྐྱོབ་སྟོབས་ཤུགས་ཐམས་ཅད་གནས་སུ་འབྱོར་ཟིན་ཞིང་། ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ། ཉེན་སེལ་གནོད་སྐྱོབ། མང་ཚོགས་གནོད་གཡོལ་དང་བཀོད་སྒྲིག་སོགས་ཀྱི་ལས་ཀ་ཁག་ཕན་ནུས་ཡོད་པ་དང་གོ་རིམ་སྒྲིག་ལམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད་པ་རེད། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་གནོད་ཉེན་ཐེབས་པའི་རྫོང་ཁག་གིས་གནོད་གཡོལ་ལས་ཀ་ཧུར་ཐག་སྤེལ།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་སླར་ཡང་བླང་བྱ་འདི་འདྲ་བཏོན་སོང་།
  • དོ་སྣང་ཆེ་བའི་རྩོམ།