མགྱོགས་འཕྲིན། རི་ཉིལ་ཏེ་འབྲི་ཆུ་བཀག་པའི་འཕྲིན་གསར།

        2018-10-12

    དཀར་མཛེས་ཁུལ་དམངས་སྲིད་ཅུས་ཀྱི་སྙན་ཞུ་ལྟར། མིག་སྔའི་བར་དུ་འབྲི་ཆུའི་འགྲམ་རྒྱུད་ཀྱི་དཔལ་ཡུལ་དང་འབའ་ཐང་། སྡེ་རོང་བཅས་རྫོང3གྱི་ཤང་དང་གྲོང་རྡལ17གྱི་གྲོང་སྡེ51གི་གནོད་ཉེན་འཕྲད་པའི་མང་ཚོགས10367བདེ་འཇགས་ངང་ས་གནས་གཞན་དུ་སྤོས་བས་མ་ཚད། ཉལ་ཆས500དང་ལྟེབ་བརྩེགས་རྒྱག་ཆོག་པའི་ཉལ་ཁྲི100   གུར30བཅས་སྤྲད་པ་རེད། རྫོང་གསུམ་གྱིས་ད་ལྟར་གུར2000དང་སྲིང་བལ་ཉལ་ཆས8000བཅས་གནོད་སེལ་དངོས་རྫས་ཉར་གསོག་བྱས་ཡོད།

    མིག་སྔའི་བར། ཆུ་བསྐྱིལ་མཚེའུ་ཡི་སྟོད་རྒྱུད་ཀྱི་གནོད་ཉེན་ཐེབས་རྒྱ་སྤྱི་ལེ20 ལྷག་ལ་ཟིན་ཞིང་། འཇོ་མདའ་རྫོང་གི་ཨུད་དཔལ་ཤང་དང་སྤོ་ལོ་ཤང་གཉིས་ཀར་གནོད་ཉེན་ཐེབས་པ་རེད།

མགྱོགས་འཕྲིན། རི་ཉིལ་ཏེ་འབྲི་ཆུ་བཀག་པའི་འཕྲིན་གསར།

    དཔལ་ཡུལ་རྫོང་སྒ་རྗེ་ཤང་གིས་མཚན་མོར་ཤང་ཡོངས་ཀྱི་ལས་བྱེད་པ་རྣམས་སྒྲིག་འཛུགས་བྱས་ཏེ་གནོད་ཉེན་ཐེབས་པའི་གྲོང་ཚོའི་མང་ཚོགས་རྣམས་བདེ་འཇགས་ཀྱི་ས་རུ་བཀོད་སྒྲིག་བྱས།

མགྱོགས་འཕྲིན། རི་ཉིལ་ཏེ་འབྲི་ཆུ་བཀག་པའི་འཕྲིན་གསར།
མགྱོགས་འཕྲིན། རི་ཉིལ་ཏེ་འབྲི་ཆུ་བཀག་པའི་འཕྲིན་གསར།


    འབའ་ཐང་རྫོང་སོལ་བ་ལུང་ཆུ་ཤང་དང་། ལྷག་བ་ཤང་སོགས་ཤང་དང་གྲོང་རྡལ་གྱི་འབྲེལ་བའི་འགོ་ཁྲིད་དང་ཤང་གི་ལས་བྱེད་པ་རྣམས་ཀྱིས་མཚན་མོར་སྐོར་གཡེང་བྱས་ཏེ་ཆུ་ཡི་གནས་ཚུལ་ལ་ལྟ་བཞིན་པ།

མགྱོགས་འཕྲིན། རི་ཉིལ་ཏེ་འབྲི་ཆུ་བཀག་པའི་འཕྲིན་གསར།
མགྱོགས་འཕྲིན། རི་ཉིལ་ཏེ་འབྲི་ཆུ་བཀག་པའི་འཕྲིན་གསར།

    སྡེ་རོང་རྫོང་གིས་གནོད་ཉེན་ཐེབས་པའི་མང་ཚོགས་གནས་གཞན་དུ་སྤོས་བ་དང་།དུས་ལྟར་ཆུ་ཡི་གནས་ཚུལ་ལ་རྟོག་ཞིབ་བྱེད་བཞིན་པ།

མགྱོགས་འཕྲིན། རི་ཉིལ་ཏེ་འབྲི་ཆུ་བཀག་པའི་འཕྲིན་གསར།
མགྱོགས་འཕྲིན། རི་ཉིལ་ཏེ་འབྲི་ཆུ་བཀག་པའི་འཕྲིན་གསར།

    སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་དུ་མངགས་སྡོད་བྱས་པའི་རྫོང་རིམ་པའི་ཉེན་སེལ་ལས་དོན་ཚོ་ཆུང་དང་། ཤང་དང་གྲོང་རྡལ་དུ་བཅའ་སྡོད་བྱེད་པའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་སླར་ཡང་ཝ་ཁ་གྲོང་རྡལ་གྱི་གནོད་ཉེན་ཐེབས་པའི་མང་ཚོགས་གནས་སྤོའི་གནས་ཚུལ་ཞིབ་བཤེར་བྱས་པ་དང་། མང་ཚོགས་ཀྱི་འབྲུ་རིགས་བསྡུ་གསོག་བྱེད་རོགས་བྱས་པ་རེད།

མགྱོགས་འཕྲིན། རི་ཉིལ་ཏེ་འབྲི་ཆུ་བཀག་པའི་འཕྲིན་གསར།


དཔལ་ཡུལ་རྫོང་དམངས་སྲིད་ཅུས་ཀྱིས་གནོད་ཐེབས་ཤང་གྲོང་ལ་གུད་སྐྱོབ་རས་གུར120དང་།ཉལ་ཐུལ660  ལག་ཁྱེར་གློག་སྒྲོན100བཅས་བསྐྱལ་ནས་སྦྱིན་པ་རེད།

མགྱོགས་འཕྲིན། རི་ཉིལ་ཏེ་འབྲི་ཆུ་བཀག་པའི་འཕྲིན་གསར།
མགྱོགས་འཕྲིན། རི་ཉིལ་ཏེ་འབྲི་ཆུ་བཀག་པའི་འཕྲིན་གསར།


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེས་འབྲི་ཆུའི་ཉེན་སེལ་མཆན་བཀོད་གནང་།
  • ལེ་ཚན་རྗེས་མ།:དམངས་སྲིད་ཐིང་གིས་གནོད་སྐྱོབ་དངོས་རྫས་མྱུར་འདྲེན་ལས་ཀ་བཀོད་སྒྲིག་བྱས།
  • དོ་སྣང་ཆེ་བའི་རྩོམ།