ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེས་འབྲི་ཆུའི་ཉེན་སེལ་མཆན་བཀོད་གནང་།

དབྱངས་ཅན་དང་གངས་སྐྱིད་ཀྱིས་བསྒྱུར།        2018-10-12

  ཟླ་བ10པའི་ཚེས11ཉིན་གྱི་སྔ་དྲོའི་ཆུ་ཚོད7པའི་ཐོགབོད་ལྗོངས་འཇོ་མདར་རྫོང་སྤོ་ལོ་ཤང་གི་མངའ་ཁོངས་ནང་རི་ཉིལ་ནས་འབྲི་ཆུའི་བཅད་དེ་ཆུ་བསྐྱིལ་མཚེའུ་རུ་གྱུར་པ་རེད།རི་ཉིལ་བའི་གནས་ཚུལ་བྱུང་རྗེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཚན་རིག་དང་མཐུན་པའི་སྒོས་འཆར་འགོད་གཏན་འབེབས་བྱ་དགོས་པ་དང་། གོ་རིམ་ལྡན་ཞིང་ཉེན་མེད་བདེ་འཇགས་ངང་མང་ཚོགས་གནས་སྤོས་བྱས་ནས།མང་ཚོགས་དང་འཕྲལ་སྐྱོབ་མི་སྣའི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས་པའི་མཆན་བཀོད་མཛུབ་སྟོན་གནང་བ་དང་ཆབས་ཅིགརང་ཁུལ་གྱིས་དུས་ཐོག་ཏུ་གནོད་ཡོལ་རོགས་སྐྱོབ་ཀྱི་བབ་བསྟུན་བྱེད་ཐབས་སྤྱད་པ་དང་། ཁུལ་དང་རྫོང་གི་ལས་སྒྲུབ་ཚོ་ཆུང་གིས་དུས་ཚོད་དང་པོར་ཡུལ་དངོས་སུ་ཕྱིན་ནས་སྐོར་ཞིབ་དང་ཉེན་ཡོད་མི་སྣ་ཉེན་མེད་ས་ཁོངས་སུ་གནས་སྤོ་བྱེད་པ་སོགས་ཀྱི་ལས་ཀ་བསྒྲུབས་ནས། གནོད་ཡོལ་རོགས་སྐྱོབ་ཀྱི་ལས་ཀ་གོ་རིམ་ལྡན་པའི་སྒོས་སྐུལ་འདེད་བཏང་བ་རེད། ཚེས11ཉིན་གྱི་ཆུ་ཚོད19པའི་ཐོག་ཆུ་བསྐྱིལ་མཚེའུ་ཡི་སྨད་རྒྱུད་དུ་ཡོད་པའི་དཔལ་ཡུལ་དང་། འབའ་ཐང་། སྡེ་རོང་བཅས་རྫོང3དང་ཤང་དང་གྲོང་རྡལ51གི་གྲོང་མི10367ཡོངས་རྫོགས་ཉེན་ཁ་མེད་སའི་ས་ཁུལ་དུ་ཕྱིར་འཐེན་བྱེད་ཐུབ་པ་རེད།

ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེས་འབྲི་ཆུའི་ཉེན་སེལ་མཆན་བཀོད་གནང་།

    ལིའུ་ཁྲེང་མིང་གིས་མཆན་བཀོད་མཛུབ་སྟོན་ཁྲོད་བླང་བྱ་བཏོན་དོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིན་ཧྭ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་དཔོན་དབྱི་ལི་ཡི་མཆན་བཀོད་མཛུན་སྟོན་གྱི་སྙིང་དོན་དོན་འཁྱོལ་ཡག་པོ་བྱས་ནས། གནས་སྤོས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བར་འགན་ལེན་བྱ་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོས་ཉེན་ཡོལ་འཆར་འགོད་གཏན་འབེབས་བྱས་ནས་ཆུ་བསྐྱིལ་མཚེའུ་སྨད་རྒྱུད་དུ་ཡོད་པའི་མང་ཚོགས་དང་འཕྲལ་སྐྱོབ་མི་སྣའི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས། ཆབ་མདོ་གྲོང་ཁྱེར་དང་རོགས་ལས་བྱེད་ཅིང་གསར་འགྱུར་གླེང་ཕྱོགས་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས། ལིའུ་ཁྲེང་མིང་གིས་ད་དུང་དུས་ཚོད་དང་པོར་ཆབ་མདོ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཨ་བུ་དང་ཁ་པར་ཐོག་ནས་བསམ་ཚུལ་བརྗེ་རེས་བྱས་ནས་གྲོས་མཐུན་བྱུང་རྗེས།ཐུན་མོང་དུ་མི་སྣ་སྒྲིག་འཛུགས་བྱས་ཏེ་ཆུ་ལམ་གཤོང་བ་དང་ཉེན་ཁ་སེལ་བའི་གྲོས་ཐག་བཅད་པ་རེད།

   ཞའོ་ཡིའུ་ཚའེ་ཡིས་མཆན་བཀོད་མཛུབ་སྟོན་གནང་ནང་བླང་བྱ་བཏོན་དོན། མགྱོགས་མྱུར་དུ་ལས་སྒྲུབ་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ་ཡུལ་དངོས་སུ་ཕྱིན་ཞིང་། གོ་རིམ་ལྡན་ཞིང་ཉེན་མེད་ངང་མང་ཚོགས་གནས་སྤོའི་ལས་ཀ་སྒྲུབ་པ་དང་།ནུས་ཤུགས་གང་ཡོད་ཀྱིས་ལས་བྱེད་པ་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཁག་ཐེག་བྱས་ནས། ཆུ་ལམ་བཤངས་ནས་ཉེན་ཁ་གཡོལ་བ།མང་ཚོགས་གོ་རིམ་ལྡན་ཞིང་ཉེན་མེད་ངང་གནས་སྤོ་བྱེད་པའི་ལས་ཀ་དངོས་སུ་ཡག་པོ་བསྒྲུབ་དགོས།ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་ས་གཤིས་སྤུས་ཚད་ལ་ལྟ་སྐུལ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཉེན་ཁ་ཚོད་དཔག་གི་ལས་ཀ་ཡག་པོ་བསྒྲུབས་ནས་ཉེན་ཟོན་སྔོན་བརྡ་གཏོང་བའི་ལས་ཀ་དངོས་སུ་ཡག་པོ་བསྒྲུབ་དགོས།

ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེས་འབྲི་ཆུའི་ཉེན་སེལ་མཆན་བཀོད་གནང་།

    ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ལམ་སང་དུ་དཔལ་ཡུལ་རྫོང་དུ་ལས་ཀ་སྤེལ་བཞིན་པའི་ཁུལ་ཨུའི་རྒྱུན་ཨུ།ཞིང་ལས་དང་བཟོ་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་གནོད་སྐྱོན་ཐེབས་ཁུལ་གྱི་སྤྱི་ཁྱབ་བཀོད་འདོམས་པ་བྱེད་པར་བཀོད་སྒྲིག་བྱས་ཡོད་ཅིང་། ཁུལ་རིམ་པའི་འབྲེལ་ཡོད་འགོ་ཁྲིད་དཔལ་ཡུལ་དང་འབའ་ཐང་སོགས་ལ་མངགས་ཏེ་ཞིང་ཆེན་འགོ་ཁྲིད་རྣམ་པའི་མཛུབ་སྟོན་བསམ་ཕྱོགས་བསྒྲགས་བཅུག་པ་དང་། དཔལ་ཡུལ་དང་འབའ་ཐང་།སྡེ་རོང་བཅས་རྫོང་གི་གནོད་འཇིགས་ཐེབས་ཉེན་ཡོད་པའི་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གོ་རིམ་ལྡན་པའི་སྒོ་གནས་སྤོ་བྱེད་བཅུག་ཅིང་།ཁུལ་སྤྱི་བདེ་ཅུས་ཀྱིས་དཀར་མཛེས་རྫོང་དུ་བཅའ་སྡོད་བྱེད་པའི་དམིགས་བསལ་ལས་འགན་ཁུར་མཁན་ཉེན་རྟོག་པ་གནོད་སྐྱོན་ཐེབས་ཁུལ་དུ་མངགས་ཏེ་མི་དམངས་མང་ཚོགས་གནས་སྤོ་བྱེད་པའི་ལས་འགན་སྒྲུབ་བཅུག་པ་དང་སྤྱི་ཚོགས་སྒྲིག་ལམ་སྲུང་སྐྱོང་བྱེད་དུ་བཅུག་པ་རེད། མིག་སྔར། དཔལ་ཡུལ་དང་འབའ་ཐང་།སྡེ་རོང་རྫོང་གསུམ་གྱིས་ཉེན་འགོག་བྱ་རྒྱུའི་འཆར་གཞི་སྤེལ་ཡོད་ཅིང་། མི་སྣ་ཤི་རྨས་བྱུང་མེད་པ་རེད།

   དེ་མིན། རང་ཁུལ་གྱིས་ཆབ་མདོ་གྲོང་ཁྱེར་དང་མཉམ་ལས་བཀོད་འདོམས་པུའུ་བཙུགས་ཏེ་གཅིག་གྱུར་བཀོད་འདོམས་བྱས་ཏེ་ཆུ་ལམ་ཤོང་བ་དང་ཉེན་ཁ་བསལ་བ། མང་ཚོགས་རྣམས་གོ་རིམ་ལྡན་པའི་སྒོས་ཉེན་མེད་གནས་སྤོ་བྱེད་པའི་ལས་ཀ་ཏན་ཏིག་བྱས་ཡོད། གཅིག་བསྡུས་དང་ཡང་ན་ཁ་བགོས་ནས་བཀོད་སྒྲིག། ཉེ་འཚོལ་གྲོགས་བརྟེན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྟེན་ནས་ཉེན་ཁ་ཡོད་པའི་མང་ཚོགས་ཐམས་ཅད་བཀོད་སྒྲིག་ཡག་པོ་བྱས་ཡོད། མི་དམངས་ཉེན་རྟོག་པ་དང་ཡུལ་དམག་སྒྲིག་འཛུགས་བྱས་ཏེ་ཉེན་མེད་བདེ་འཇགས་ཀྱི་ལས་ཀ་ཡག་པོ་སྤེལ་བ་དང་། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་བཀོད་སྒྲིག་བྱས་པའི་མང་ཚོགས་ལ་བཟའ་བཅའ་དང་འཐུང་ཆུ་འདོན་སྤྲོད་བྱས་ཏེ་ཕན་ནུས་ལྡན་པའི་སྒོས་བཀོད་སྒྲིག་བྱས་པའི་མང་ཚོགས་ལ་ཟ་མ་བཟའ་རྒྱུ་ཡོད་པ་དང་། གོས་གྱོན་རྒྱུ་ཡོད་པ། གྲང་ངར་འགོག་པ་དང་ངལ་གསོ་བྱེད་ས་ཡོད་པར་འགན་ལེན་བྱས་ཡོད།

   ཡང་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བབ་བསྟུན་མྱུར་སེལ་དོ་དམ་པུའུ་ཡིས་བོད་ལྗོངས་འཇོ་མདའ་རྫོང་གི་འབྲི་ཆུའི་ཆུ་བསྐྱིལ་མཚེའུ་ལ་བབ་བསྟུན་འཕྲལ་སྡོམ་བྱས་ཡོད་པར་མ་ཟད། ད་རུང་ལས་སྒྲུབ་ཚོ་ཆུང་གནོད་ཐེབས་ཁུལ་དུ་མངགས་ཡོད། རྒྱལ་ཁབ་གནོད་འཚེ་སྔོན་འགོག་སྤྱི་ཁྱབ་པུའུ་ཡིས་ལས་སྒྲུབ་ཚོ་ཆུང་གནོད་སྐྱོན་ཐེབས་ཁུལ་དུ་མངགས་ཏེ་འབྲེལ་ཡོད་ལས་ཀ་ཡག་པོ་སྤེལ་ཡོད། ཞིང་ཆེན་གནོད་འཚེ་སྔོན་འགོག་བཀོད་འདོམས་པུའུ་ཡིསIVསྟེ་རིམ་པ་བཞི་པའི་ཆུ་ལོག་སྔོན་བརྡ་བརྒྱབ་པ་རེད།


  • ལེ་ཚན་སྔོན་མ།:རྡོ་རྗེ་རབ་བརྟན་གྱིས་འབྲི་ཆུའི་ཉེན་སེལ་ལས་ཀར་བླང་བྱ་བཏོན།
  • ལེ་ཚན་རྗེས་མ།:མགྱོགས་འཕྲིན། རི་ཉིལ་ཏེ་འབྲི་ཆུ་བཀག་པའི་འཕྲིན་གསར།
  • དོ་སྣང་ཆེ་བའི་རྩོམ།