རྡོ་རྗེ་རབ་བརྟན་གྱིས་འབྲི་ཆུའི་ཉེན་སེལ་ལས་ཀར་བླང་བྱ་བཏོན།

ལྷ་འཛོམས་དང་བདེ་སྐྱིད་ཀྱིས་བསྒྱུར།        2018-10-12

རྡོ་རྗེ་རབ་བརྟན་གྱིས་འབྲི་ཆུའི་ཉེན་སེལ་ལས་ཀར་བླང་བྱ་བཏོན། 

    ཟླ་བ10པའི་ཚེས11ཉིན། དཔལ་ཡུལ་རྫོང་ཁོངས་ཀྱི་འབྲི་ཆུའི་ཐོག་ཟླ་བ10པའི་ཚེས11ཉིན་རི་ཉིལ་བའི་བབ་བསྟུན་མྱུར་སེལ་ལས་ཀའི་ཚོགས་འདུ་དེ་དཔལ་ཡུལ་རྫོང་དུ་འཚོགས་ཤིང་།སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་རྡོ་རྗེ་རབ་བརྟན་གྱིས་ཚོགས་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིན་ཅེ།བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷ། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ།སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་བཅས་རྣམ་པས་ཟླ་བ10པའི་ཚེས11ཉིན་གྱི་རི་ཉིལ་བར་བབ་བསྟུན་མྱུར་སེལ་ལས་ཀའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དེ་དོན་འཁྱོལ་མཐར་ཕྱིན་པ་བྱས་ནས་ནུས་ཤུགས་ཡོད་རྒུས་འབྲུ་ཆུའི་ཐོག་ཟླ་བ10པའི་ཚེས11ཉིན་རི་ཉིལ་བའི་ཉེན་ཁ་མྱུར་སེལ་གྱི་འཕྲལ་སྒྲུབ་ཐག་གཅོད་ལས་ཀར་བཀོད་སྒྲིག་གནང་བ་རེད།

རྡོ་རྗེ་རབ་བརྟན་གྱིས་འབྲི་ཆུའི་ཉེན་སེལ་ལས་ཀར་བླང་བྱ་བཏོན།

    དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་ཀྱིས་གྲོས་ཚོགས་གཙོ་འགན་བཞེས།བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་དཔོན་ཁྲེན་ཅུན་དང་གྲོང་དཔོན་གཞོན་པ་ཧུའུ་ཏེང་ཧྥུ།དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་དཔོན་གཞོན་པ་ཧོ་ཁང་ལིན།ཁུལ་དཔོན་གཞོན་པ། དཔལ་ཡུལ་རྫོང་ཏང་ཨུའི་ཧྲུའུ་ཅི་ཁང་ཀོང་ཡིའུ། ཞིང་ཆེན་དང་ཁུལ་གྱི་མྱུར་སྐྱོབ་གནོད་སེལ་ཆེད་ལས་མཁས་ཅན།དཔལ་ཡུལ་རྫོང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་སོགས་གྲོས་ཚོགས་ནང་ཞུགས་ཡོད།

 རྡོ་རྗེ་རབ་བརྟེན་གྱིས་ས་ཆ་གཉིས་ཀས་འབྲི་ཆུའི་ཟླ་བ10པའི་ཚེས11ཉིན་གྱི་རི་ཉིལ་བའི་ས་གཤིས་གནོད་འཚེར་བབ་བསྟུན་མྱུར་སེལ་བྱས་པར་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད།ཁོང་གིས་གནོད་འཚེ་བྱུང་རྗེས་ས་ཆ་གཉིས་ཀའི་ཏང་སྲིད་ཀྱིས་ཚད་མཐོན་པོས་མཐོང་ཆེན་དང་བྱ་སྤྱོད་མགྱོགས་མྱུར།  གཞོགས་འདེགས་དམ་ཟབ། བྱེད་ཐབས་ནུས་ལྡན་བཅས་བྱེད་ཡོད་ཅེས་གསུངས་པ་རེད།སྔར་བཞིན་ཛ་དྲག་ཆེ་བའི་གནས་བབ་ཉེན་ཁར་དམིགས་ནས་རྡོ་རྗེ་རབ་བརྟན་གྱིས་ནན་གསུང་གནང་དོན།  སྔར་ལྷག་གིས་མི་དམངས་གཙོ་བོར་འཛིན་པའི་བསམ་བློ་སྔར་བས་བརྟན་པོ་བཅངས་ནས།  མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དེ་ལས་ཀའི་བླང་བྱར་བརྩིས་པ་དང་།  ནུས་ཤུགས་ཡོད་རྒུས་སྒྲིག་འཛུགས་བྱས་ནས་གནོད་སེལ་རྒུད་སྐྱོབ་ལས་ཀ་བསྒྲུབ་དགོས་ཤིང་།  ལས་ཀའི་ཇུས་གཞི་སྔར་བས་ཞིབ་ཚགས་དང་འཐུས་ཚང་གཏང་དགོས་པ་དང་གནས་ཚུལ་སྡུག་ཤོས་ལ་གཞིགས་ནས་ཧུར་ཐག་གིས་གྲུབ་འབྲས་ལེགས་ཤོས་འཐོབ་ཐབས་བྱ་དགོས།བབ་བསྟུན་མྱུར་སེལ་མཉམ་འབྲེལ་ཐག་གཅོད་བཀོད་འདོམས་པུའུ་མགྱོགས་མྱུར་ངང་བཙུགས་ཏེ་ཚན་རིག་དང་མཐུན་པའི་འཆར་གཞི་བཟོ་བ་དང་ཚན་རིག་དང་མཐུན་པའི་ཉེན་ཁ་མྱུར་སྐྱོབ་དང་གནོད་པ་བསལ་དགོས།  སྔོན་འགོག་ལས་ཀ་སྔར་བས་དམ་འཛིན་ཞིབ་ཚགས་དང་དམ་འཛིན་ཏན་ཏིག་བྱས་ནས་འགན་འཁྲི་བྱེད་ཤུགས་ཆེ་རུ་བཏང་ནས་ལེབ་བཤེར་བྱས་ཏེ་མི་མངོན་པའི་རྐྱེན་ངན་མེད་པར་བཟོ་དགོས།

   སྔར་ལྷག་གིས་གླེང་ཕྱོགས་ལས་ཀ་ཡག་མོ་སྒྲུབ་པ་དང་དྲང་ནུས་སྤེལ་ནས་འགྲིལ་ཤུགས་ཆགས་པར་བྱེད་ཅིང་།ལས་བྱེད་པ་དང་མང་ཚོགས་སེམས་ཤུགས་གཅིག་ཏུ་བསྒྲིམས་ནས་མྱུར་སྐྱོབ་གནོད་སེལ་ལས་ཀར་ཞུགས་དགོས།  སྔར་ལྷག་གིས་མང་ཚོགས་ཀྱི་ཉེན་གཡོལ་ལས་ཀ་ཡག་མོ་བསྒྲུབས་ཏེ་མང་ཚོགས་བདེ་འཇགས་ངང་ཕྱིར་ཐར་ཐུབ་པ་དང་།གནོད་ཐེབས་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ཡང་དག་བྱེད་ཅིང་། མི་རྨས་སྐྱོན་མི་ཡོང་བ་བྱེད་པ།མི་བརྒྱ་སེམས་གཅིག་དང་ཕྱར་བ་གྲུ་འདེགས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་ཁག་ཐེག་བྱ་དགོས།

ཚོགས་ཐོག་དཀར་མཛེས་ཁུལ་དང་ཆབ་མདོ་གྲོང་ཁྱེར་གྱི་ཁག་བགོས་ནས་བབ་བསྟུན་མྱུར་སེལ་ལས་ཀའི་སྐོར་སྙན་སེང་ཞུ་བ་དང་།གྲོས་ཚོགས་ཐོག་འབྲི་ཆུའི་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཡུལ་གྱི་མང་ཚོགས་བཀོད་འཇོག་གཞན་སྤོ་ལས་ཀའི་ཐད་སྔར་ལྷག་གིས་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།།


  • ལེ་ཚན་སྔོན་མ།:ཕེང་ཆིང་ཧྭ་དང་དབྱི་ལིས་འབྲི་ཆུའི་ཉེན་སེལ་ལས་ཀར་མཆན་བཀོད་གནང་།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེས་འབྲི་ཆུའི་ཉེན་སེལ་མཆན་བཀོད་གནང་།
  • དོ་སྣང་ཆེ་བའི་རྩོམ།