ཕེང་ཆིང་ཧྭ་དང་དབྱི་ལིས་འབྲི་ཆུའི་ཉེན་སེལ་ལས་ཀར་མཆན་བཀོད་གནང་།

མིག་དམར་གྱིས་བསྒྱུར།        2018-10-12

   ཟླ་བ10པའི་ཚེས11ཉིན་གྱི་སྔ་དྲོའི་ཆུ་ཚོད་བདུན་པར། དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི་འབྲེལ་མཚམས་སུ་རི་ཉིལ་ནས་འབྲི་ཆུ་བཀག་སྟེ་ཆུ་བསྐྱིལ་མཚེའུ་ལ་གྱུར་ཞིང་། དཀར་མཛེས་ཁུལ་གྱི་དཔལ་ཡུལ་རྫོང་དང་འབའ་ཐང་རྫོང་། སྡེ་རོང་རྫོང་བཅས་སྨད་རྒྱུད་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ཆུ་གློག་ས་ཚུགས་མང་པོ་ཞིག་ལ་གནོད་འཇིགས་ཐེབས་གྲབས་ཡོད་པ་རེད།

   ཉེན་ཁའི་གནས་ཚུལ་བྱུང་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་རྣམ་གཉིས་ཀྱིས་མགྱོགས་མྱུར་ངང་ཆུ་བསྐྱིལ་མཚེའུའི་ཉེན་ཁ་མྱུར་སེལ་གྱི་བབ་བསྟུན་མྱུར་སེལ་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ་རེད།

   ཕེང་ཆིང་ཧྭ་ཡིས་མཆན་བཀོད་མཛུབ་སྟོན་དུ་བླང་བྱ་བསྟན་དོན། རང་རེའི་ཞིང་ཆེན་གྱི་འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་ཁག་གིས་མཐོང་ཆེན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་འདོམས་བྱེད་ཐབས་ལག་ལེན་བྱ་རྒྱུ་དམ་འཛིན་བྱ་དགོས་པ་དང་།གནོད་ཡོལ་དང་བཀོད་འདོམས་བྱེད་པའི་བརྒྱུད་རིམ་ཁྲོད་མི་ཤི་རྨས་མི་འབྱུང་བའི་འགན་ལེན་བྱ་དགོས་ལ། འབྲི་ཆུའི་སྨད་རྒྱུད་ས་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་ཡོང་བ་ལའང་འགན་ལེན་ཏན་ཏིག་བྱ་དགོས། གཅིག་ནི་འབྲི་ཆུའི་སྨད་རྒྱུད་ཉེན་ཁ་ལས་ཡོལ་ཏེ་ཚང་མ་མགྱོགས་མྱུར་ངང་བདེ་འཇགས་ས་ཁོངས་སུ་འགྲོ་དགོས་པ་དང་ཆབས་ཅིག་ཏུ་བསམ་བློའི་ཁྲིད་སྟོན་དང་བབ་བསྟུན་བཀོད་སྒྲིག་འགན་ལེན་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་དགོས། གཉིས་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུར་སྙན་ཞུ་འབུལ་རྒྱུ་དམ་འཛིན་བྱས་ཏེ། དུས་ཐོག་ཏུ་ཆེད་རམས་པ་གནོད་ཐེབས་ཁུལ་དུ་མངགས་ནས་ཐག་གཅོད་བྱས་པའི་འཆར་གཞི་ཚན་རིག་དང་མཐུན་པར་གཏན་འབེབས་དང་། གོ་རིམ་ལྡན་པའི་ངང་བཀོད་འདོམས་དང་ཉེན་སེལ་གེགས་སྐྱོབ་བྱ་དགོས། གསུམ་ནི་བོད་ལྗོངས་ཕྱོགས་དང་གྲོས་སྡུར་བྱས་ཏེ་མཉམ་འབྲེལ་བཀོད་འདོམས་དང་ཐག་གཅོད་ལམ་སྲོལ་བཙུགས་ནས་ལས་ཀའི་འགྲིལ་ཤུགས་ཆགས་ཐབས་བྱ་དགོས། བཞི་ནི་དུས་ཐོག་ཏུ་དབང་གྲགས་ལྡན་པའི་བརྡ་འཕྲིན་སྤེལ་བ་དང་རང་འགུལ་ངང་སྤྱི་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་སྤྲད་དེ་ཉེན་སྐྱོབ་གནོད་སེལ་བྱ་རྒྱུའི་ཁོར་ཡུག་བཟང་པོ་བསྐྲུན་དགོས།

   དབྱི་ལིས་མཆན་བཀོད་མཛུབ་སྟོན་ནང་བསྟན་དོན། འཇིགས་ཉེན་ཐེབས་བཞིན་པའི་མང་ཚོགས་དུས་ཐོག་ཏུ་སྤོ་སྒྱུར་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་འགན་ལེན་ལ་ཤུགས་རྒྱག་དགོས་པ་དང་བོད་ལྗོངས་ཕྱོགས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་སེལ་ལས་ཀའི་ཇུས་གཞི་གཏན་འབེབས་དང་ཆེད་ལས་སྟོབས་ཤུགས་དུས་ཐོག་ཏུ་གཏོང་སྒྲིག་བྱས་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱ་དགོས།

   ཕེང་ཆིང་ཧྭ་དང་དབྱི་ལིས་མངགས་གཏོང་བྱས་པའི་ཞིང་དཔོན་གཞོན་པ་རྡོ་རྗེ་རབ་བརྟན་གནོད་ཐེབས་བྱེད་ཡུལ་དངོས་སུ་ཕེབས་ནས་ཉེན་སྐྱོབ་གནོད་སེལ་དང་བབ་བསྟུན་མྱུར་སེལ་ལས་དོན་ལ་བཀོད་འདོམས་གནང་བ་རེད། ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་བརྡ་ཐོ་བཏང་སྟེ།Ⅳརིམ་པའི་འབྲུབ་འགོག་འཕྲལ་སྡོམ་བྱ་ཐབས་སྤེལ་འགོ་ཚུགས་ཤིང་།ཁོངས་ཞུགས་སྡེ་ཚན་དང་འབྲེལ་ཡོད་ཀྱི་གྲོང་ཁྱེར(ཁུལ)ཁག་གིས་མགྱོགས་མྱུར་ངང་བྱ་སྤྱོད་སྤེལ་ཏེ་འགན་ནུས་ལས་བགོས་ལྟར་ཉེན་སེལ་རོགས་སྐྱོབ་དང་མང་ཚོགས་གནས་སྤོས་བཀོད་སྒྲིག་སོགས་ཀྱི་ལས་དོན་ཁག་ལེགས་པར་བསྒྲུབ་དགོས་པའི་རེ་བ་བཏོན་པ་རེད།


  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་འབའ་ཐང་རྫོང་ནས་བོད་ལྗོངས་ས་ཁུལ་དུ་འགྲོ་འོང་བྱེད་པའི་རླངས་འཁོར་ཚང་མ་རྒྱལ་ལམ317བསྐོར་ནས་འགྲོ་དགོས་པའི་སྐ
  • ལེ་ཚན་རྗེས་མ།:རྡོ་རྗེ་རབ་བརྟན་གྱིས་འབྲི་ཆུའི་ཉེན་སེལ་ལས་ཀར་བླང་བྱ་བཏོན།
  • དོ་སྣང་ཆེ་བའི་རྩོམ།