མི་མེད་གནམ་གྲུས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལ་སྐོར་ཞིབ་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2018-10-10

གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་སྤྱི་གཉེར་ཁང་གིས་ད་ལོའི་ཟླ་བ6པར་མི་མེད་གནམ་གྲུའི་སྐོར་ཞིབ་རུ་ཁག་བཙུགས་ནས།  དུས་རྒྱུན་གཟའ་འཁོར་གཅིག་ལ་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དུ་སྐོར་ཞིབ་ཐེངས་གཅིག་བྱེད་བཞིན་ཡོད་པ་རེད།   གཙོ་བོ་ནི་མྱུར་བགྲོད་གཞུང་ལམ་གྱི་ལམ་རྒྱུད་དང་ཟམ་པའི་འོག་གི་བར་སྟོང་།  ལྟ་སྐུལ་ཚོད་འཛིན་ཁུལ་སོགས་ལ་ལྟ་ཞིབ་བྱས་ཏེ་དུས་ཐོག་ཏུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་མེད་ཤེས་པ་དང་།  རླངས་འཁོར་མང་བའི་སྐབས་སུ་གཞུང་ལམ་གྱི་གནས་ཚུལ་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱས་ནས་དམིགས་ས་ཡོད་པའི་སྒོ་ནས་རིང་སྣེ་ཁག་བགོས་སོགས་རླངས་འཁོར་འཚང་འགག་སེལ་བའི་བྱེད་ཐབས་སྤྱོད་ཐུབ་པ་རེད།

  ཤེས་རྟོགས་བྱུང་བར་གཞིགས་ན།  མི་མེད་གནམ་གྲུས་མྱུར་བགྲོད་གཞུང་ལམ་གྱི་སྐྱེལ་གཉེར་ལ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཚོད་འཛིན་བྱ་རྒྱུ་དེ་རྒྱལ་ཡོངས་ཐོག་ཐེངས་དང་པོ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་གི་དགོན་པ་ཡོངས་ཀྱིས་རྒྱལ་སྟོན་ལ་རྟེན་འབྲེལ་ཞུས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་རི་ཉིལ་ནས་འབྲི་ཆུ་བཀག་སྟེ་ཆུ་བསྐྱིལ་མཚེའུར་གྱུར།
  • དོ་སྣང་ཆེ་བའི་རྩོམ།