འཕུར་ལ་ཉེ་བའི་བྱེའུ།

མཚན་ལེགས།        2018-09-28

འཕུར་ལ་ཉེ་བའི་བྱེའུ་སྐོར་ཞིག

ལོ་ངོ་གསུམ་ལ་དེད་དཔོན་ཚོའི་བརྩེ་བས་རུམ་ཞིང་།

བརྩེ་སེམས་ཀྱི་དྲོད་ཁོལ་བསྩལ།

ལོ་ངོ་གསུམ་ལ་དགེ་རྒན་ཚོས་བྱམས་བརྩེའི་བསྐྱངས་ཤིང་།

ཤེས་རིག་གི་འདབ་ལག་རྒྱས།

ད་ལྟ། ཉམས་འགྱུར་དང་ལྡེམ་མྱུར་གྱི་གཤོག་ཟུང་རྒྱས་ཏེ།

བྱེའུ་དེ་ཚོ་འཕུར་ལ་ཉེ།

ཕུགས་བསམ་དང་བློ་གྲོས་རྒྱས་ནས།

མཁའ་ལམ་གྱི་ནམ་འཕང་གཅོད་རན་སོང་།

འཁྱུག་རྩལ་གྱི་སྟངས་སྟབས་མྱུར་བའི་ཉ་མོ་བཞིན།

རྒྱ་མཚོ་ཡི་གཏིང་མཐའ་འགྲིམ་རན་སོང་།

བྱེའུ་དེ་ཚོ་འཕུར་རན་སོང་།

ཕུགས་བསམ་གྱི་ཕྱོགས་སུ།

བྱམས་བརྩེ་ཡི་དྲོད་ཁོལ་ལྡན་པའི་ཁྱིམ་གཞིས་འདི་ནས།

གནམ་འཕང་གཅོད་རན།རྒྱལ་ཁམས་འགྲིམ་རན།

ཤེས་རིག་གི་གཤོག་ཟུང་མཁའ་རུ་བསྐྱངས་ཤིང་

སྙིང་སྟོབས་སྔར་ལས་བསྐྱེད་དེ།

མུ་མཐའ་མེད་པའི་མཁའ་དབྱིངས་འགྲིམ་རན།

དཔའ་མ་ཞུམ། བློ་མ་ཕམ།

ང་ཚོར་བྱམས་བརྩེ་ཡི་གཤོག་ཟུང་རྒྱས་ཡོད་ལ།

བློ་རིག་གི་སྡེར་མོའང་ཐོག་ཡོད། 


  • ལེ་ཚན་སྔོན་མ།:གཟའ་ཉི་མའི་ཉིན་མོ།
  • ལེ་ཚན་རྗེས་མ།:མི་ཚེའི་མཐོང་སྣང་།