2017ལོ་ནས2018ལོའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་ཁ་གསབ་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར11.2བཀོད་སྒྲིག་བྱས།

གངས་སྐྱིད་ཀྱིས་བསྒྱུར།        2018-09-20

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ9པའི་ཚེས6ཉིན་འབྱོར་བའི་གཏམ་གསར། ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་ས་རྒོད་གསར་སྦོལ་གྱི་རྒྱལ་དབང་ས་ཞིང་གི་བེད་སྤྱོད་བྱེད་དབང་ལ་ཁས་ལེན་པ་དང་ཐོ་འགོད་བྱས་ཏེ་དཔང་ཡིག་སྤྲད་པའི་ལས་ཀ་ཧུར་ཐག་སྤེལ་ཡོད། ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་བྱེད་དབང་ལ་ཁས་ལེན་པ་དང་ཐོ་འགོད་བྱས་ཏེ་དཔང་ཡིག་སྤྲད་པའི་ཁ་གསབ་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར11.2བཀོད་སྒྲིག་བྱས་ཡོད་པ་རེད།

     ནོར་སྲིད་པུའུ་ཞིང་ལས་ཧྲིའི་འགན་ཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ལ་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར8.68བཀོད་སྒྲིག་བྱས་ཡོད་ཅིང་། ཞིན་ཅང་གི་འཛུགས་སྐྲུན་དམག་སྒར་ལ་སྒོར་དུང་ཕྱུར2.52བཀོད་སྒྲིག་བྱས་ཡོད། ས་གནས་ཁག་དང་ཞིན་ཅང་འཛུགས་སྐྲུན་དམག་སྒར་གྱི་ས་རྒོད་གསར་སྦོལ་གྱི་ས་ཞིང་མུའུ་དུང་ཕྱུར3.76གྱི་བདག་གཉེར་བྱེད་དབང་ལ་ཁས་ལེན་པའི་འབྲེལ་ཡོད་ལས་ཀར་རྒྱབ་སྐྱོར་བྱས་ཡོད་པར་མ་ཟད། དུས་ཐོག་ཏུ་ཁ་གསབ་མ་དངུལ་གཏོང་ཁོངས་ཀྱི་ལས་ཆོད་དམིགས་ཡུལ་བཀོད་སྒྲིག་བྱས་ནས་ལས་ཆོད་སྔོན་རྩིས་བྱེད་པའི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ནོར་སྲིད་མ་དངུལ་གྱི་བེད་སྤྱོད་བྱེད་ནུས་མཐོ་རུ་ཏན་ཏིག་བཏང་བ་རེད། དེ་མ་ཚད་ནོར་སྲིད་པུའུ་ཡིས་ད་རུང་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཞིང་སྡེའི་ས་རྒོད་གསར་སྦོལ་ས་ཞིང་གི་བདག་དབང་ལ་ཁས་ལེན་པའི་ལས་ཀའི་འབྲེལ་ཡོད་དོ་དམ་ལམ་ལུགས་ཞིབ་འཇུག་བྱས་ཏེ་བཏོན་མཐར། དུས་ཐོག་ཏུ་ས་གནས་སོ་སོའི་ཞིང་སྡེའི་ས་རྒོད་གསར་སྦོལ་ས་ཞིང་གི་བདག་དབང་ལ་ཁས་ལེན་པའི་ལས་ཀ་དང་ཁ་གསབ་མ་དངུལ་བེད་སྤྱོད་བྱས་ཚུལ་ཁོང་དུ་ཆུད་པ། ས་གནས་ཁག་གི་ནོར་སྲིད་ཀྱིས་ཞིང་སྡེའི་ས་རྒོད་གསར་སྦོལ་བཅོས་བསྒྱུར་དང་འཕེལ་རྒྱས་གཏོང་བའི་ལས་ཀའི་ཉམས་མྱོང་ལ་སྒོ་ཀུན་ནས་ཕྱོགས་བསྡུས་བྱས་ཡོད། ཕྱིན་ཆད་ཀྱི་ཞིང་སྡེའི་ས་རྒོད་གསར་སྦོལ་ས་ཞིང་གི་བདག་དབང་ལ་ཁས་ལེན་པའི་ལས་ཀར་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་དང་སྐུལ་ཁྲིད་བྱས་ཡོད། འབྲེལ་ཡོད་ས་གནས་ཀྱི་ནོར་སྲིད་ཀྱིས་བླང་བྱ་ལྟར་ལས་ཀའི་གྲོན་དངུལ་སྤྱོད་པར་སྐུལ་ཁྲིད་བྱས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཀྲུང་དབྱང་ཁེ་ལས་དབུལ་སྐྱོར་ཐེབས་རྩས་སི་ཁྲོན་གྱི་ཐོན་ལས་དབུལ་སྐྱོར་གྱི་ལས་གཞི14ལ་མ་དངུལ་གཏོང་འཇོག་བྱས།
  • ལེ་ཚན་རྗེས་མ།:བོད་ལྗོངས་གློག་རྡུལ་ཁྲལ་དོན་ཅུས་དངོས་སུ་སྤྱོད་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།