སྟོན་ལོ་སེར་པོའི་དྲན་འཆར།

ཞིང་ཕྲུག་སྨྱོན་པ།        2018-09-14

བརྩེ་བ་ལྗང་གུ་ཞིག་གི་འབྲས་བུ་རེད།

ནམ་ཟླ་གསར་པ་ཞིག་གི་སྟ་གོན་རེད།

སེམས་པ་གྲང་མོ་ཞིག་གི་རྨ་ཁ་རེད།

འཚོ་བ།སྟོན་ལོ་བཞིན་མཛེས་ཆོག

མི་ཚེ་སྟོན་ལོ་བཞིན་ཟད་སོང་།

རེ་བ་སྟོན་ལོ་བཞིན་བསྐྲུན་ཆོག་མོད།

འབད་པ་སྟོན་ལོ་བཞིན་ཟགས་སོང་།

འགན་འཁྲི་ཞིག་སྟོན་ལོ་བཞིན།

རླུང་ལ་བསྐུར་སོང་།

སྟོན་ལོ་འགུལ་ཚུལ་དེ་སྒེར་སེམས་ཤིག་ཡིན་ན།

སྤྱི་དོན་གྱི་ཆེད་དུ་མར་བབས་དགོས།

སྟོན་ལོ་རྒྱས་ཚུལ་འདི་འཚོ་བ་ཞིག་ཡིན་ན།

ཞེ་སྡང་དང་ཕྲག་དོག་མེད་པར།

ང་རྒྱལ་དང་སྤོབས་སེམས་མེད་པར།

ལྷག་རླུང་ཁྲོད་བ་དན་བཞིན་གཡོ་དགོས།

སྟོན་ལོ་སེར་པོ།ནམ་ཟླ་ཞིག་གི་འགྱུར་ལྡོག་ཡིན་ན།

འཚོ་བ་ཞིག་གི་མངོན་ཚུལ་ལོས་ཡིན།

སྟོན་ལོ་སེར་པོ།

སེམས་པའི་ཞིང་སར་སྐྱེས་པའི་འཚོ་

བའི་འདབ་ལོ་འདི་ཡིན་ན།

བདག་གི་སྡུག་ཡུས་དང་འཁང་ར།

བརྙས་བཅོས་དང་སྐྱོ་བ་ཡོད་ཚད།

སྟོན་རླུང་གྲང་མོ་འདིར་བསྐུར་འདོད།

སྟོན་ལོ་སེར་པོ་ཁྱོད་མཐོང་དུས།

ངས་ང་རང་རྒས་པ་གཞི་ནས་ཚོར།


  • ལེ་ཚན་སྔོན་མ།:དྲན་པའི་ཁ་དོག
  • ལེ་ཚན་རྗེས་མ།:དྲང་པོར་མི་གནས་པའི་འཇིག་རྟེན།