རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན10ལ་བཞི་ལྡན་གྱི་དགེ་རྒན་བཟང་པོའི་བྱ་དགའ་ཐོབ་པ།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2018-09-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ9ཚེས9ཉིན་གློག་འཕྲིན་འབྱོར་གསལ། དགེ་རྒན་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ་གསར་འགོད་པར་པེ་ཅིང་དགེ་འོས་སློབ་ཆེན་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་དུས་ཡུན་རིང་པོ་སློབ་གསོ་སློབ་ཁྲིད་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་ཕུལ་བྱུང་དགེ་རྒན10ལ་སློབ་གྲྭ་དེའི“བཞི་ལྡན་དགེ་རྒན་བཟང་པོའི”ཆི་ཀུང་གི་དགེ་རྒན་བྱ་དགའ་ཐོབ་ནས་ཁོང་ཚོས་རང་རྒྱལ་གྱི་རྨང་གཞིའི་སློབ་གསོའི་བྱ་གཞག་ཆེད་ཕུལ་བའི་མངོན་གསལ་དོད་པའི་ལེགས་སྐྱེས་ལ་གཟེངས་བསྟོད་བྱས་པ་རེད།ཚེས8ཉིན་གྱི་དགོང་མོ“བཞི་ལྡན་དགེ་རྒན་བཟང་པོའི”བྱ་དགའི་འཆར་གཞིའི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་པེ་ཅིང་དགེ་འོས་སློབ་ཆེན་དུ་འཚོགས་པ་རེད། བྱ་དགའ་ཐོབ་མཁན་དགེ་རྒན་བཅུ་པོ་དེ་དག་ཧུའུ་ནན་དང་། ཧྲའན་ཤིས། ཧོ་པེ། ཡུན་ནན། ཀན་སུའུ།མཚོ་སྔོན་སོགས་ས་ཆ་ནས་ཡོང་བ་དང་དགེ་རྒན་བྱས་ནས་ལོ30ཡན་ཕྱིན་པ་ཤ་སྟག་རེད། ཁོང་ཚོའི་ཁྲོད་འདོད་ཆུང་ཆོག་ཤེས་དང་སློབ་གསོར་མཐོང་ཆེན་བྱས་ཏེ་སློབ་མ་གཅིག་ཀྱང་དབུལ་བའི་རྐྱེན་གྱིས་སློབ་མཚམས་ཆད་དུ་མི་འཇུག་པའི་ཧུའུ་ནན་སློབ་ཆུང་གི་དགེ་རྒན་ཧོང་ཡ་ཧྥེ་དང་། ང་གསེབ་ཏུ་གཞི་ཚུགས་ནས་སློབ་གསོའི་ཐད་སྤྱོད་པའི་རྩེད་ཆས800ལྷག་ཙམ་བཟོ་མཁན་ཧོ་པེའི་བུ་བཅོལ་ཁང་གི་དགེ་རྒན་ལི་ཀོང་།“མཛེ་ནད་གྲོང་ཚོར”སློབ་ཁྲིད་བྱེད་པར་བསྐྱོད་དེ་གྲོང་མིའི་སྣེ་ཁྲིད་ནས་རང་གཅེས་རང་ཚུགས་བྱེད་མཁན་ཡུན་ནན་གྱི་དགེ་རྒན་ནུང་ཅ་ཀུའེ། ཀོང་ཤིས་སུ་འོས་འགན་ངང་ཞག་སྡོད་སློབ་མར་ལྟ་རྟོག་ལོ16བྱེད་མཁན“དགེ་རྒན་ཨ་མ་ལགས”ཀྲོའུ་ཧྥུང་ལན། ལ་བརྒྱབ་ཀླུང་བརྒལ་གྱིས་སློབ་མའི་ཁྱིམ་ཚང་དུ་བཅར་འདྲིར་བསྐྱོད་པ་དང་ལོ་བདུན་ཅུར་སླེབས་རུང་སྔར་བཞིན་སློབ་གྲྭར་བརྟན་སྲུང་བྱེད་མཁན་ཁྲུང་ཆིང་སློབ་ཆུང་གི་དགེ་རྒན་ཀྲང་ཙུང་མའོ་སོགས་ཡོདདེ་དང་ཆབས་ཅིག་ད་དུང“ཀྲུང་གོའི་དགེ་རྒན་བཟང་པོའི”སྤྱི་ཕན་བྱ་སྤྱོད་འཆར་གཞིར་ཞུགས་པ་དང་འབྲེལ་མི་སྣ་གསོ་སྐྱོང་གི་ཞིབ་འཇུག་དང་ལག་ལེན་གྱིས་རྨང་གཞིའི་སློབ་གསོ་སྤུས་ལེགས་དང་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་ཕུལ་བྱུང་ཚོགས་པ10ལ“བཞི་ལྡན་དགེ་རྒན་བཟང་པོའི”སྤྱི་ཕན་བྱ་སྤྱོད་བྱ་དགའ་ཐོབ་ཡོད་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོའི་ལོ་མཇུག་ཏུ་པེ་ཅིང་དགེ་འོས་སློབ་ཆེན་གྱིས“ཀྲུང་གོའི་དགེ་རྒན་བཟང་པོ”ཞེས་པའི་སྤྱི་ཕན་བྱ་སྤྱོད་འཆར་གཞི་བཀོད་པ་དེའི་དམིགས་ཡུལ་ནི་སློབ་གྲྭའི་གཅིག་མཐུན་འདུས་གྲུབ་དང་དྲ་བའི་ལས་སྟེགས་བཏོད་དེ་རྒྱ་ཆེའི་དགེ་རྒན་ལ་ཞབས་འདེགས་ཞུ་བ་དང་སློབ་གྲྭའི་མི་སྣ་གསོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད། འདི་ལོ་སློབ་གྲྭ་དེས་དེའི་རྨང་གཞིའི་ཐོག་འོད་ཟེར་ཉིན་རེའི་ཚགས་པར་ཁང་དང་ཀྲུང་གོ་སློབ་གསོ་སློབ་ཚོགས་དང་མཉམ་འབྲེལ་ཐོག“བཞི་ལྡན་དགེ་རྒན་བཟང་པོའི”བྱ་དགའི་འཆར་གཞི་བཀོད་པ་རེད།དེའི་ནང་མི་སྒེར་ལ་ཕྱོགས་པའི་ཆི་ཀུང་གི་དགེ་རྒན་བྱ་དགའ་ལ་ཐེངས་རེར་དགེ་རྒན་10ལས་བདམས་མི་ཆོག་པ་དང་བྱ་དགའ་ཐོབ་མཁན་ལ་ཐེངས་གཅིག་ལ་བྱ་དགའི་དངུལ་སྒོར་ཁྲི་50སྤྲོད་རྒྱུ་དང་། ཚོགས་པར་ཕྱོགས་པའི་སྤྱི་ཕན་བྱ་སྤྱོད་བྱ་དགའ་ལ་ཐེངས་རེར་ཚོགས་པ10ལས་བདམས་མི་ཆོག་པ་དང་བྱ་དགའི་དངུལ་སྒོར་ཁྲི་20སྤྲོད་རྒྱུ་མ་ཟད། འདེམས་སྒྲུག་བྱས་པའི་ཚོགས་པ་དང་ཕུལ་བྱུང་མི་སྒེར་དགེ་རྒན་གསོ་སྦྱོང་རྣམ་གྲངས་ལ་ཞུགས་སུ་འཇུག་གི་ ཡོད།པེ་ཅིང་དགེ་འོས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེང་ཅན་ཕིང་གིས་སློབ་གྲྭས་སྐུ་ཞབས་ཆི་ཀུང་ལྟར་གྱི་ཚེ་གང“སློབ་ལ་འབད་ནས་དགེ་རྒན་བཟང་པོར་གྱུར་ཀུན་སྤྱོད་བཟང་པོས་གཞན་ལ་མིག་དཔེ་སྟོན”སྙིང་སྟོབས་ལག་བསྟར་བྱེད་མཁན་ཕུལ་བྱུང་དགེ་རྒན་ཁག་གཅིག་ལ་བྱ་དགའ་སྤྲད་པ་དང“བཞི་ལྡན་དགེ་རྒན་བཟང་པོའི”སྤྱི་ཕན་བྱ་སྤྱོད་ཐད་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་སློབ་གསོའི་སློབ་ཁྲིད་ཚོགས་པ་ཁག་གཅིག་ལ་བྱ་དགའ་སྤྲད་པ་ལས་སྤྱི་ཚོགས་ལས་རིགས་ཁག་གིས་གཞི་རིམ་དུ་གཞིས་ཆགས་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན“བཞི་ལྡན་དགེ་རྒན་བཟང་པོར”བསྟོད་གླུ་འབུལ་བ་དང་བསྔགས་བརྗོད་བྱེད་དགོས་པ་བརྗོད་ཡོད་པ་རེད།། 

  • ལེ་ཚན་སྔོན་མ།:འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་གསར་པ《ལག་དམར》ལ་འཁྲབ་གཞུང་རྩེ་གྲས་བྱ་དགའ་ཐོབ་པ།
  • ལེ་ཚན་རྗེས་མ།:ཧི་མ་ལ་ཡ་སྐོར་བའི"རྒྱུད་གཅིག་ལམ་གཅིག"མཉམ་ལས་བགྲོ་གླེང་སྐབས་དང་པོ་ཉིང་ཁྲི་ཀླུ་ནང་དུ་སྤེལ་བ།
  • དོ་སྣང་ཆེ་བའི་རྩོམ།