རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མི་རིགས་ལས་དོན་གྱི་ཕུལ་བྱུང་ཤེས་ལྡན་པ32ལ་བྱ་དགའ་སྤྲད་པ།

    མི་དམངས་དྲ་བ།    2018-09-11

  མི་དམངས་དྲ་བའི་འཕྲིན། ཟླ9ཚེས7ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས2018ལོའི་གྲགས་ཅན་སློབ་ཁྲིད་དགེ་རྒན་དང་། རིག་གནས་གྲགས་ཅན་པ། གཞོན་ནུའི་སློབ་ཁྲིད་ཀྱི་མིག་དཔེ། གཞོན་ནུའི་ལས་སྒོའི་མིག་དཔེ་བཅས་ལ་བྱ་དགའ་སྤྲོད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་པ་ཐེར་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
 པ་ཐེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་དགོས། ཆེད་ལས་ཀྱི་ནུས་པ་དང་བྱང་ཚད་མཐོ་རུ་ཧུར་ཐག་བཏང་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀུན་སྤྱོད་དང་སྤྱོད་ཚུལ་ལ་ཞུན་བརྡར་ཏན་ཏིག་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་བདེན་དཔང་བ་དང་། ཞུགས་པ་པོ། འབད་འབུངས་པ་བཅས་ཡག་པོ་བྱས་ཐོག་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། གཞི་རིམ་ལ་ཞབས་འདེགས་ཞུ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཁྲོད། མི་ཚེའི་འདྲི་ཤོག་གསར་པ་མུ་མཐུད་འབྲི་བ་དང་དུས་རབས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།

  • ལེ་ཚན་སྔོན་མ།:ཨན་ཧུའེ་རུ་བོད་ལྗོངས་ལྷོ་ཁའི་རིག་དངོས་འགྲེམས་སྟོན་བྱས་པ།
  • ལེ་ཚན་རྗེས་མ།:འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་གསར་པ《ལག་དམར》ལ་འཁྲབ་གཞུང་རྩེ་གྲས་བྱ་དགའ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།