དགེ་རྒན།

ནགས་སྒྲ་ལྕེ།        2018-09-10

དགེ་རྒན་ལགས།

ངས་ཁྱེད་ཀྱི་འགྱུར་མེད་ཀྱི་སྙིང་སྟོབས་དང་ལྷད་མེད་ཀྱི་

བརྩོན་སེམས་ལ་བསྔགས་པར་འདོད།

ཁྱེད་ཀྱིས་ང་ཚོ་ལོ་ཆུང་གཞོན་ནུ་རྣམས་ལ་བློ་གྲོས་ཀྱི་

མིག་དང་སྙིང་སྟོབས་ཀྱི་གོ་ཆ་སྦྱིན།

ཁྱེད་ཀྱི་མཛད་འཕྲིན་ནི་ནམ་མཁའི་ནོར་བུ་ཇི་བཞིན་

འོད་ཟེར་འབུམ་གྱིས་ཕྱུག་ཅིང་།

ཁྱེད་ཀྱི་འགྱུར་མེད་ཀྱི་བརྩོན་སེམས་དང་ཞུམ་པ་མེད་

པའི་སྙིང་སྟོབས་ནི་རི་བོ་བཞིན་དུ་བརྟན་ཞིང་བརྗིད།

དགེ་རྒན་ལགས།

ཁྱེད་ནི་མུན་སེལ་གྱི་སྒྲོན་མེ་ཇི་བཞིན་ང་ཚོ་ཤེས་རིག་

གི་ལམ་ཆེན་ལ་ཁྲིད་པར་ལགས།

དགེ་རྒན་ལགས།

ཁྱེད་ཀྱི་གསུངས་པའི་ལེགས་བཤད་ནི་ང་ཚོ་ལོ་

ཆུང་རྣམས་རྨོངས་གཉིད་ལས་སད་པར་བྱེད་པའི་ཅོང་

སྒྲ་ལགས།

དགེ་རྒན་ལགས།

ཁྱེད་ཀྱི་གཞན་ཕན་གྱི་གཤིས་ཀར་ང་ཚོས་ནམ་ཡང་

རྗེས་སུ་ཡི་རང་བྱེད་ལ།

ཁྱེད་ཀྱི་ལྷག་བསམ་རྣལ་མ་དེ་ལ་ང་ཚོས་ནམ་ཡང་

བསྔག་བརྗོད་ཀྱི་མེ་ཏོག་ཕུལ་ལོ།

དགེ་རྒན་ལགས།

ཁྱེད་ཀྱི་ཟུར་མེད་ཀྱི་བརྩེ་སེམས་དང་གྲངས་མེད་

ཀྱི་བྱམས་སྐྱོང་ནི་ནམ་ཡང་སྤྱི་ཚོགས་ཐོག་འོད་

སྟོང་འཕྲོས་བས་ཀུན་གྱིས་གུས།

དགེ་རྒན་ལགས།

ཁྱེད་ནི་ང་ཚོ་རྟག་ཏུ་བརྟེན་སའི་འགྱུར་མེད་ཀྱི་

ས་འཛིན་དཀར་པོ་གཅིག་དང་གང་ཟག་ཀུན་ཤེས་རིག་

གི་ལམ་སྣ་བསྟན་པའི་རྟ་བདུན་དབང་པོ་དང་ཀུན་

ནས་མཚུངས།

དགེ་རྒན་ལགས།

སློབ་བུ་ངས་ལྷག་བསམ་དང་དྲང་བདེན་ཞིག་སྙིང་ཁོང་དུ་བཅངས་

ཏེ་ནམ་ཡང་ཁྱེད་ལ་བསྟོད་པའི་མེ་ཏོག་མཆོད་པ་འབུལ་འདོད།


  • ལེ་ཚན་སྔོན་མ།:དགེ་རྒན། ངའི་མུན་སེལ་གྱི་སྒྲོན་མེ་རྐང་གཅིག
  • ལེ་ཚན་རྗེས་མ།:དགེ་རྒན་དྲན་པའི་མགུར་དབྱངས་དད་པའི་རང་མདངས།