ས་འགུལ་རྗེས་སུ་བསྐྱར་སྐྲུན་བྱས་པའི་ཁྱིམ་གཞིས་གསར་པ།

        2011-04-18

        ས་འགུལ་རྗེས་སུ་བསྐྱར་སྐྲུན་བྱས་པའི་ཁྱིམ་གཞིས་གསར་པ།                                   


2010ལོའི་ཟླ་བ་4པའི་ཚེས་14ཉིན་དུ་མཚོ་སྔོན་ཡུལ་ཤུལ་དུ་རིམ་པ་7.1གི་ས་འགུལ་བྱུང་བ།རང་ཁུལ་གྱི་སེར་ཤུལ་དང་སྡེ་དགེ།དཀར་མཛེས།དཔལ་ཡུལ་བཅས་རྫོང་བཞིར་ཚད་མི་འདྲ་བའི་གནོད་སྐྱོན་དང་གྱོང་གུན་ཡང་ཐེབས་པ་རེད།བསྡོམས་རྩིས་ལྟར།ས་འགུལ་ནང་རང་ཁུལ་གྱི་ཡུལ་ཤུལ་དུ་སྨན་བཅོས་དང་གཉེན་ཉེ་ཐུག་འགྲོ་མཁན།དངོས་རྫས་ཉོ་འགྲོ་མཁན་གྱི་མི་སྣ་179ཤི་བ།མི་814རྨ་བ།ས་འགུལ་གྱིས་ཞིང་པ་དུད་ཚང་105ཡི་སྡོད་ཁང་ལོག་བཅུག་པ་དང་།ཞིང་དུད་1488ཀྱི་སྡོད་ཁང་གི་སྒྲིག་གཞི་གཙོ་བོ་ཆག་གྲུམ་བྱུང་བ།ཞིང་དུད་2681གི་སྡོད་ཁང་9785ལ་གནོད་སྐྱོན་ཕོག་པ།གྲོང་ཁྱེར་དང་གྲོང་རྡལ་ཡུལ་མིའི་སྡོད་ཁང་སྨི་གྲུ་བཞི་མ་ཁྲི་5.2ལ་གནོད་སྐྱོན་ཕོག་པ།སློབ་གྲྭ་འབྲིང་ཆུང་12ཀྱི་སློབ་ཁང་དང་སྡོད་ཁང་དང་།ཤང་(གྲོང་རྡལ།)13གྱི་སྨན་ཁང་།ཕྱུགས་འབྲོག་ཕྱུགས་ནད་སྨན་བཅོས་ས་ཚུགས་6།ཤང་(གྲོང་རྡལ)8ཀྱི་རིག་གནས་ས་ཚུགས་བཅས་ཁྱོན་བསྡོམས་སྡོད་ཁང་སྨི་གྲུ་བཞི་མ་42318.1ལ་ཚད་མི་འདྲ་བའི་གནོད་སྐྱོན་ཕོག་པ་དང་།དེ་མིན་དགོན་པ་དང་ཟམ་པ།ཆུ་རྐ།རིགས་སྣ་ཚོགས་ཀྱི་ཆ་འཕྲིན་སྒྲིག་ཆས་སོགས་ལའང་ཚད་མི་འདྲ་བའི་གནོད་སྐྱོན་ཕོག་པ་རེད།
     ས་འགུལ་བྱུང་རྗེས་རང་ཁུལ་གྱིས་ལམ་སང་འགུལ་འགོག་གནོད་སེལ་གྱི་ལས་ཀ་སྤེལ་ནས་གནོད་སྐྱོན་ཐེབས་མཁན་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་པ་དང་།ཁྱོན་བསྡོམས་གནོད་འགོག་དངོས་རྫས་གཏོང་སྤྲོད་བྱེད་ས་7བཙུགས་པ།སྦྲ་གུར་1400སྐྱེལ་འདྲེན་བྱས་པ།གནོད་སྐྱོན་ཐེབས་མཁན་མང་ཚོགས་7007གནས་སྤོ་དང་བཀོད་སྒྲིག་བྱས་པ།འབྲུ་རིགས་ཏུན་140དང་སྲིང་བལ་ཉལ་ཆས་4114།གོས་1500།ཆུ་དང་བཟའ་བཅའ་སྒམ་2400།རིན་ཐང་སྒོར་ཁྲི་6ལྡན་པའི་སྨན་རྫས་བཅས་གཏོང་སྤྲད་བྱས་ཡོད་པ་དང་།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བློ་བརྟན་འགྱུར་མེད་ཀྱིས་དབུ་ཁྲིད་གནང་འོག་དང་།ཁུལ་དང་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་གནོད་སྐྱོན་ཐེབས་རྗེས་བསྐྱར་སྐྲུན་ལས་ཀ་མགྱོགས་སུ་བྱེད་དགོས་པའི་བླང་བྱ་དོན་ཐོག་ཏུ་ནན་པོ་འཁྱོལ་ནས།ས་འགུལ་བྱུང་རྗེས་ཀྱི་ཉིན་དྲུག་ཏུ་ཉམས་གསོ་བསྐྱར་སྐྲུན་གྱི་ལས་ཀ་དེ་གནོད་སྐྱོན་ཐེབས་པའི་རྫོང་དུ་ཡོངས་སུ་སྤེལ་བ་རེད།
     གནོད་སྐྱོན་ཐེབས་རྗེས་ཀྱི་ཉི་360ཡི་ནང་ས་གནས་སོ་སོ་ནས་ཡོང་བའི་འཛུགས་སྐྲུན་པ་མང་པོས་ཉམས་གསོ་བསྐྱར་སྐྲུན་གྱི་ལས་ཡུལ་དུ་འབད་བརྩོན་ཧུར་ཐག་བྱས་པར་བརྒྱུད།ལོ་གཅིག་བརྒལ་རྗེས་ཀྱི་གནོད་ཐེབས་ས་ཁུལ་དུ་མཐོང་རྒྱུ་གོས་རྒྱུ་ནི་རྩིག་ལོག་གྱང་ལོག་དང་སྡུག་བསྔལ་མྱ་ངན་གྱི་གནས་ཚུལ་མེད་པ།ས་འགུལ་གྱི་གནོད་སྐྱོན་ཐེབས་པའི་མི་དམངས་ཚོས་ཏང་དང་སྲིད་གཞུང་དང་།ཕྱོགས་སོ་སོ་ནས་ཡོང་བའི་རོགས་སྐྱོར་འོག་བརྟན་བརླིང་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།
     མིག་སྔའི་བར་དུ་སླེབས་དུས།རང་ཁུལ་གྱི་སེར་ཤུལ་དང་སྡེ་དགེདཀར་མཛེས་རྫོང་བཅས་ཀྱི་གནོད་ཐེབས་བསྐྱར་སྐྲུན་ས་ཚུགས་56གི་དུད་ཚང་1593གྱི་སྡོད་ཁང་བསྐྱར་སྐྲུན་ནང་(དེའི་ནང་སེར་ཤུལ་རྫོང་གི་དུད་ཚང་1492དང་།སྡེ་དགེ་རྫོང་གི་དུད་ཚང་94།དཀར་མཛེས་རྫོང་གི་དུད་ཚང་7)དུད་ཚང་1497གྱི་སྡོད་ཁང་བསྐྲུན་ཚར་བ་མ་ཟད།གནོད་ཐེབས་མང་ཚོགས་བསྐྱར་བསྐྲུན་གྱི་སྡོད་ཁང་གསར་པའི་ནང་སྦོས་པ་དང་།བསྐྱར་སྐྲུན་གྱི་སྡོད་ཁང་ཁ་ཤས་རྒྱན་བཟོའི་ལས་ཀ་བྱེད་བཞིན་ཡོད།སྡོད་ཁང་ལས་ཚར་ཚད་བརྒྱ་ཆ་93.9ཡི་ཐོག་སླེབས་པ།ས་འགུལ་གྱི་རྐྱེན་གྱིས་སྡོད་ཁང་ལོག་པ་དང་ཡང་ན་གནས་སྤོས་ཀྱི་མང་ཚོགས་ཚོས་ན་ལོའི་ལོ་མཇུག་ཏུ་བསྐྱར་བསྐྲུན་གྱི་སྡོད་ཁང་ནང་སྤོས་ཚར་བ་རེད།
  • ལེ་ཚན་སྔོན་མ།:སྲིད་གཞུང་གི་ལས་དོན་སྙན་ཞུ །9
  • ལེ་ཚན་རྗེས་མ།: སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་རིས་མེད་ཀྱི་སྲོལ་རྒྱུན་བཟང་པོས་ཤུགས་རྐྱེན་བཞག་ནས་རྗེས་རབས་པ་གསོ་ས
  • དོ་སྣང་ཆེ་བའི་རྩོམ།