ཆེས་རིང་བའི་འགྲེལ།

རེ་ནག་པོ།        2018-09-05

ང་ཡི་མིག་ཟུང་འདི།

ཁྱོད་ལ་བཀར་བའི་མེ་ལོང་ཡིན།

མེ་ལོང་འདི་སིལ་བུར་མ་ཆག་གི་བར་དུ།

ཁྱོད་ཀྱིས་དུས་རྒྱུན་རང་ཉིད་མཛེས་ 

མིན་གྱི་སྐད་ཆ་གཞན་ལ་འདྲི་མི་དགོས།

ང་ཡི་བརྩེ་བ་འདི།

ཁྱོད་ལ་བསྐྱོན་པའི་ལྭ་བ་ཡིན།

ལྭ་བ་འདི་རྙིང་གིན་རྙིང་གིནཁྱོད་རང་

 

དུས་རྒྱུན་ཁེར་རྐྱང་གི་ལྕགས་

ཐབ་འགྲམ་ནས་བཙོག་མི་དགོས །

ང་ནི་གོ་སླ་བར་འགྲེལ་ན།

ཕྱེ་ལེབ་སེར་པོའི་ཁོག་གི་གློ་བ་ཆུང་ཆུང་

དང་འདྲ་བར།

ཧ་ཅང་ཆུང་ཡང་རང་གི་ལང་ཚོ་དང་ 

རྣམ་ཤེས་ཁྱོད་ལ་སྟེར་བའི་ནུས་པ་ཡོད།


  • ལེ་ཚན་སྔོན་མ།:རིག་པའི་དཔའ་བོ་མཆོག་རྗེས་སུ་དྲན་པ།
  • ལེ་ཚན་རྗེས་མ།:དྲན་པའི་རྒྱ་རུ་བཞུགས་པའི་ཆུང་འདྲིས།