དགུན་དུས་ཧྲིལ་བོ། ____ དགེ་ཆོས་ལ་ཕུལ་བ།

༼དུར་མིག དཀར་མཛེས།༽        2018-08-17

རུས་པ་སྲ་མོ་ཞིག  དགུན་ཁ་ཧ་ཅང་འཁྱག་ཤོར

མདུན་ངོས་ཀྱི་ཤེལ་སྒོ་ལ་ཁངས་ཆག་ལྷུང

འཆི་ཁའི་ཁ་ཆེམས་ནང་དུ་རང་སྡེ་ཞེས་བྲིས་ཡོད

རྒས་འགྲོ་བའི་ལོ་ཟླ་ཁོ་ན་གླེགས་བམ་དུ་གྱུར

ཁ་ཕྱོགས་མེད་པའི་ཁང་སྟོང་ནས་ཁེར་རྐྱང་གི་གླུ་སྐད་ཉན

ད་ལྟ་དད་པ་རྩེ་གཅིག་ལ་རོལ་བའི་ཞེན་ཆགས་མུན་དོང་ན་ལུས

གློ་བུར་དུ་རུས་རྐང་ནང་ལ་ཚེ་མཐའི་གདུང་སེམས་གྱེར

སྒྲུང་ནང་གི་མེ་ཏོག་ཅིག་མཛེས་སྡུག་ཤོར་བའི་རྐྱེན་གྱིས

ངས་དགུན་དུས་ཧྲིལ་བོ་ལ་སེམས་པ་གཉིས་འཁྱག་འདར་བྱས

སེམས་པ་གཅིག་དུས་ཚོད་ཀྱི་མདའ་རྩེ་ནས་ཤོར་སོང

གཅིག་ནི་གྲང་འཁྱག་ནང་དུ་ཆབ་རོམ་གྱིས་བསྡམས

མཚན་མོ་རེ་རེའང་སྐྱོ་གདུང་གི་ས་ཚུགས་ཤིག

དེ་ནི་མུན་པའི་ན་ཟུག་དེ་དག

 

ལམ་གྱི་གཡས་གཡོན་ནས་སྒྲུང་དེབ་ཞིག་རླུང་གིས་ཁུར

སྒྲུང་གཏམ་ཁྲོད་ཀྱི་མི་སྣ་ཞིག་རི་མོ་ལྟར་དྲན་གྱིན་འདུག


  • ལེ་ཚན་སྔོན་མ།:དྲན་པ་བདུངས་བའི་དབྱངས།
  • ལེ་ཚན་རྗེས་མ།:སྙན་ངག་པའི་མཚན་མོ།