རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་བརྟན་བརླིང་དང་བརྟན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་བཟང་བོ་སྲུང་འཛིན་བྱས་ཡོད།

        2018-08-17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་པས་མཚམས་སྦྱོར་བྱས་པ་ལྟར་ན། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་བརྟན་བརླིང་དང་བརྟན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་བཟང་བོ་སྲུང་འཛིན་བྱས་ཡོད།

ད་ལོའི་ཚུན་ལ། རང་རྒྱལ་གྱི་ཆེ་ཕྱོགས་དཔལ་འབྱོར་དམིགས་ཚད་གཙོ་བོ་དེ་ལུགས་མཐུན་གྱི་ཁུལ་ཁོངས་སུ་བརྟན་འཇགས་སྒོས་འཁོར་སྐྱོད་བྱེད་བཞིན་ཡོད། ད་ལོའི་ལོ་སྟོད་ལ། རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དྲུག་དང་གྲངས་ཆུང་བརྒྱད་འཕར་བ་དང་། བསྟུད་མར་དུས་ཚིགས་བཅུ་གཉིས་ལ་འཕར་ཚད་བརྒྱ་ཆའི་དྲུག་དང་གྲངས་ཆུང་བདུན་དང་བརྒྱ་ཆའི་དྲུག་དང་གྲངས་ཆུང་དགུའི་བར་དུ་གནས་ཡོད། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་བརྟན་འཇགས་ཡིན་པ་དང་། ད་ལོའི་ཟླ་སྔོན་མ་བདུན་གྱི་ནང་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་བརྒྱ་ཆའི་གཉིས་འཕར་ཞིང་ལས་ཞུགས་གནས་ཚུལ་བརྟན་འཇགས་ཡིན་ཟེར།།

  • ལེ་ཚན་སྔོན་མ།: པུའུ་གཉིས་ཀྱིས་སྒོར་དུང་ཕྱུར2.5བཏང་ནས་སི་ཁྲོན་དང་ནང་སོག་ལ་དྲག་ཆར་བབས་ནས་ཆུ་ལོག་བྱུང་བའི་གནོད་འཚེ་འགོག་པར་རོགས་སྐྱོར་བྱས།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་ཞི་ཅིན་ཕིང་གི་དབུལ་སྐྱོར་རྒྱས་བཤད་བཤུས་སྒྲིག་ཅེས་པའི་དཔེ་ཆ་པར་དུ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།