རང་རྒྱལ་གྱིས་ཚན་རྩལ་འཚོལ་ཞིབ་ཐེངས་མང་བྱས་ནས་མཚོ་བོད་ས་མཐོའི་འཁྱགས་སའི་གནོད་འཚེའི་སྔོན་བརྡ་མཁོ་འདོན་བྱས་པ།

ཡེ་ཤེས་ཀྱིས་བསྒྱུར།        2018-08-16

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་འབྱོར་བའི་གཏམ་གསར། གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚན་པ་དེས་རྒྱང་ཚོར་ལྟ་ཞིབ་ཚད་འཇལ་དང་འདྲ་དཔེ་བཟོ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མཚོ་བོད་ལས་གྲྭའི་བར་ཁྱམས་ཀྱི་ལོ་མང་འཁྱགས་ས་ཞན་འགྱུར་གྱི་སྣང་ཚུལ་ལ་དམིགས་ནས་ཞིབ་འཇུག་བྱས་པ་དེས་མིག་སྔར་བར་ཁྱམས་ནང་གི་ལས་གྲྭ་གལ་ཆེན་ལ་གནས་པའི་འཁྱགས་སའི་མི་མངོན་པའི་གནོད་འཚེར་ཉེན་བརྡ་གཏོང་བའི་ནུས་པ་ཆེན་པོ་ཐོན་ཡོད།

   མཚོ་བོད་ལས་གྲྭའི་བར་ཁྱམས་ནང་མཚོ་བོད་ལྕགས་ལམ་དང་། མཚོ་བོད་གཞུང་ལམ། གོར་མོ་ནས་ལྷ་ས་བར་གྱི་སྣུམ་འདྲེན་གདོང་ལམ། མཚོ་བོད་ཐད་རྒྱུག་དྲ་སྦྲེལ་ལས་གྲྭ་སོགས་ཐིག་དབྱིབས་ཀྱི་ལས་གྲྭ་གལ་ཆེན་མང་པོ་ཡོད་པ་དེ་ནི་ནང་ས་དང་མཚོ་བོད་ས་མཐོ་སྦྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་རེད།

   ཞིབ་འཇུག་བྱས་པ་བརྒྱུད་ཚན་ཞིབ་མི་སྣས་ལྕགས་ལམ་དང་། གཞུང་ལམ། འཕྲིན་གཏོང་། གློག་ལམ་སོགས་ལས་གྲྭའི་སྒྲིག་བཀོད་དེ་དག་རྒྱུན་གཏན་ངང་འཁོར་རྒྱུག་བྱེད་པའི་གནས་ཚུལ་འོག་འཁྱགས་སའི་ཐུར་ངོས་ལ་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་དང་དེའི་ས་ངོས་དྲོད་ཚད་ཀྱི་ཁྱབ་ཚུལ་གྱི་ཆོས་ཉིད་གསལ་སྟོན་བྱས་པ་དེས་མཚོ་བོད་ལས་གྲྭའི་བར་ཁྱམས་ནང་གི་བསྐྲུན་ཟིན་པའི་འཁྱགས་སའི་ལས་གྲྭའི་མངོན་མེད་གནོད་འཚེ་ཚོད་སྐོར་བྱ་རྒྱུར་གྲངས་གཞིའི་འགན་ལེན་དང་ལག་རྩལ་གྱི་འདེགས་སྐྱོར་བྱས་ཏེ་བར་ཁྱམས་ནང་གི་གསར་སྐྲུན་གྱི་འཁྱགས་སའི་ལས་གྲྭ་གལ་ཆེན་ཇུས་འགོད་དང་ཨར་སྐྲུན་བྱ་ཆེད་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།།


  • ལེ་ཚན་སྔོན་མ།:མངའ་རིས་རྩ་མདའ་རྫོང་གིས་གནའ་བོའི་བང་སོ་བཅུ་ལྷག་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་བྱས་པ།
  • ལེ་ཚན་རྗེས་མ།:བོད་ཀྱི་ཚན་རྩལ་ཁེ་ལས་ཀྱི་གསོ་སྦྱོང་ས་ཚུགས་ཆེ་ཤོས་བཙུགས་པ།
  • དོ་སྣང་ཆེ་བའི་རྩོམ།