ལི་ཐང་འབྲོག་པས་ནོར་གནག་གི་ཁུ་ལུ་བཙོངས་ནས་ཡོང་འབབ་འཕར་སྣོན་གཏོང་།

ཀུན་དགས་བསྒྱུར།        2018-08-15

   དགེ་ལེགས་ཚང་ལ་ནོར་གནག་མགོ་གྲངས་བརྒྱ་ལྷག་ཙམ་ཡོད་པས་ལོ་རེའི་དབྱར་དུས་སུ་ནོར་གནག་གི་སྤུ་རྙིང་ལྷུང་ནས་རྩྭ་ཐང་གི་གང་སར་ཁེངས་པས་ཁོར་ཡུག་སྦགས་བཙོག་བཟོས་པས་མ་ཚད་གཟན་རྩྭ་དང་མཉམ་དུ་ནོར་གནག་གི་ཁོག་པར་འགྲོ་ནས་ཚེ་སྲོག་ལའང་ཉེན་ཁ་བཟོས་པ་རེད། དགེ་ལེགས་ཀྱིས་སྔོན་ཆད་ཁུ་ལུ་རྒྱ་མ་གང་རེར་སྒོར2ནས3བར་ལས་རག་གི་མ་རེད་ཀྱང་དེང་སང་རྫོང་དེས་ཁུ་ལུ་ལས་སྣོན་ཚད་ཡོད་སྤྱི་གཉེར་ཁང་བཙུགས་པའི་བཀའ་དྲིན་ལ་བརྟེན་ནས་ཁུ་ལུ་རྒྱ་མ་གང་རེར་སྒོར40ཙམ་རེ་སྤྲད་ནས་ཉོ་སྒྲུབ་བྱེད་ལེ་རེད་ཅེས་བཤད་པ་རེད།

   དགེ་ལེགས་ཀྱིས་ཟེར་རྒྱུའི་སྤྱི་གཉེར་ཁང་ཞེས་པ་དེ་ནི་ལི་ཐང་རྫོང་ཡར་སྐྱིད་ནོར་གནག་ཁུ་ལུའི་ལས་སྣོན་ཚད་ཡོད་སྤྱི་གཉེར་ཁང་ལ་ཟེར་བ་རེད། སྤྱི་གཉེར་ཁང་འདི་ནི2017ལོའི་སྤྱི་ཟླ3པར་བཙུགས་པ་དང་ཐོ་འགོད་མ་དངུལ་སྒོར་ཁྲི2000བཏང་ཡོད་ཅིང་། དེའི་ནང་ནས་ལི་ཐང་རྫོང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་སྤྱི་གཉེར་ཁང་གིས་བརྒྱ་ཆ30ཡི་མ་དངུལ་བཏང་བས་མ་ཚད་སྒོར་ཁྲི400བཏང་ནས་བཟོ་ཁང་བསྐྲུན་འགན་བཞེས་རྒྱུ་དང་ཚོང་འགུག་ནང་འདྲེན་གྱི་སྒེར་གཉེར་ཁེ་ལས་གཞན་ཞིག་གིས་བརྒྱ་ཆ70ཡི་མ་དངུལ་བཏང་ནས་འཕྲུལ་ཆས་དང་སྒྲིག་ཆས་ཉོ་སྒྲུབ་བྱེད་འགན་འཁུར་མཐར། 2017ལོའི་སྤྱི་ཟླ9པའི་ཚེས13ཉིན་ལ་རྒྱ་ཁྱོན་མུའུ30དང་བཟོ་ཁང་འཛུགས་སྐྲུན་གྱི་གཞི་ཁྱོན་སྨི་གྲུ་བཞི་མ3000ཡོད་པའི་ལི་ཐང་རྫོང་ཡར་སྐྱིད་ནོར་གནག་གི་ཁུ་ལུའི་ལས་སྣོན་ཚད་ཡོད་སྤྱི་གཉེར་ཁང་ལས་གཉེར་བྱེད་འགོ་ཚུགས་པ་རེད། སྤྱི་གཉེར་ཁང་དེས་ཉོ་སྒྲུབ་དང་ལས་སྣོན། ཇུས་འགོད། ཐོན་སྐྱེད། ཕྱིར་འཚོང་བཅས་གཅིག་འདུས་ཡིན་པའི་ནོར་གནག་གི་ཁུ་ལུ་ལས་སྣོན་བྱས་པའི་གྱོན་ཆས་ཐོན་སྐྱེད་བྱེད་བཞིན་པ་རེད།

    ལི་ཐང་རྫོང་ཡར་སྐྱིད་ནོར་གནག་གི་ཁུ་ལུའི་ལས་སྣོན་ཚད་ཡོད་སྤྱི་གཉེར་ཁང་གི་འགོ་འཛིན་ཝང་ཅིང་ཏུང་གིས་སྤྱི་ཟླ7པའི་ཚེས5ཉིན་ནས་བཟུང་སྤྱི་གཉེར་ཁང་གིས་ཉོ་སྒྲུབ་པ་མི4མངགས་ནས་འབུམ་ཡག་སོགས་འབྲོག་ཁུལ་དུ་ཁུ་ལུ་ཉོ་སྒྲུབ་བྱེད་ཞོར་ཉོ་སྒྲུབ་སྲིད་ཇུས་དྲིལ་བསྒྲགས་གང་ལེགས་བྱས་པ་རེད། དྲིལ་བསྒྲགས་བྱས་རྗེས་འབྲོག་པའི་མང་ཚོགས་ཀྱི་ཁུ་ལུ་བཙོང་པའི་ཧུར་བརྩོན་རང་བཞིན་ཇེ་དྲག་ཏུ་སོང་ཡོད་པས་ཉིན་རེར་ཆ་སྙོམས་ཁུ་ལུ་རྒྱ་མ200ཡས་མས་ཉོ་སྒྲུབ་བྱས་ཐུབ་པ་རེད་ཅེས་བཤད།

    མིག་སྔར། ལི་ཐང་རྫོང་ཡར་སྐྱིད་ནོར་གནག་ཁུ་ལུའི་ལས་སྣོན་ཚད་ཡོད་སྤྱི་གཉེར་ཁང་གིས་ལི་ཐང་རྫོང་མཆོད་རྟེན་ཤང་སོགས་ཤང་དང་གྲོང་རྡལ5ཡི་ནོར་གནག་གསོ་ཚགས་མཉམ་ལས་ཁང་དང་ཁུ་ལུ་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་ནས་ཉེ་འགྲམ་གྱི་རྫོང་དང་དེ་མིན་གྱི་བོད་རིགས་ས་ཁུལ་གྱི་འབྲོག་པ་ཚོར་ནོར་གནག་གི་ཁུ་ལུ་བཙོང་པའི་སེམས་ཤུགས་འཕེལ་དུ་བཅུག་ནས་ད་ལོར་ཁུ་ལུ་རྒྱ་མ་ཁྲི10ལྷག་ཉོ་སྒྲུབ་བྱས་ཐུབ་པ་དང་། མི་སེར་རྣམས་ཀྱིས་ཀྱང་ཐད་ཀའི་ཡོང་འབབ་སྒོར་ཁྲི500རག་པ་རེད། མཆོད་རྟེན་ཤང་གི་མི་སེར་ཐུབ་བསྟན་གྱིས་ལི་ཐང་རྫོང་ཡར་སྐྱིད་ནོར་གནག་ཁུ་ལུའི་ལས་སྣོན་ཚད་ཡོད་སྤྱི་གཉེར་ཁང་དུ་འཕྲུལ་ཆས་ཀྱིས་ཁུ་ལུ་འདེམ་བཞིན་ཡོད་པ་རེད། ཁོ་ལ་ཟླ་བ་རེར་གླ་ཕོགས་སྒོར3000ཡོད་ཀྱང་ལག་རྩལ་ཁོ་རང་ལས་བཟང་བའི་ལས་བཟོ་ཚོར་ཟླ་བ་རེར་གླ་ཕོགས་སྒོར6000ཙམ་ལེན་རྒྱུ་ཡོད་པས་ཁོས་ནམ་རྒྱུན་འབད་བརྩོན་བྱེད་ཞོར་ཡིད་སྨོན་ཤོར་བ་རེད། ད་ལྟ་སྤྱི་གཉེར་ཁང་དེར་ལས་བཟོ32ཡོད་ཅིང་། དུས་ཚིགས་རང་བཞིན་གྱི་ལས་མི་བཀོལ་སྤྱོད་བྱེད་ཚད60ཡོད་པ་རེད། ཟླ་བ7པའི་ཟླ་དཀྱིལ་དུ་ལི་ཐང་རྫོང་གིས་ནོར་གནག་གི་ཁུ་ལུའི་འཁེལ་འཐག་ལག་རྩལ་ཆེད་དམིགས་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད། གསོ་སྦྱོང་ནང་ཞུགས་མཁན་མང་ཚོགས40ལྷག་དང་དུད་ཚང་དབུལ་ཕོངས་ཀྱི་ངལ་རྩོལ་མི་ལག30ལྷག ལི་ཐང་རྫོང་ཡར་སྐྱིད་ནོར་གནག་ཁུ་ལུའི་ལས་སྣོན་ཚད་ཡོད་སྤྱི་གཉེར་ཁང་གི་མི5གསོ་སྦྱོང་ནང་ཞུགས་རྒྱུ་ཡིན་པ་རེད།

    ལི་ཐང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཀྲེང་ཞན་ཧྥུང་གིས་ངོ་སྤྲོད་བྱས་དོན། མིག་སྔའི་བར་ལི་ཐང་རྫོང་ཡར་སྐྱིད་ནོར་གནག་གི་ཁུ་ལུའི་ལས་སྣོན་ཚད་ཡོད་སྤྱི་གཉེར་ཁང་གིས་ལི་ཐང་དང་ཉེ་འཁོར་རྫོང་དུ་སྒོར་ཁྲི2000ལྷག་གིས་ཁུ་ལུ་ཉོ་སྒྲུབ་བྱས་ཏེ་རིན་ཐང་སྒོར་ཁྲི1000རི་བའི་ཁུ་ལུའི་ཐོན་རྫས་དང་གྱོན་ཆས་སོགས་ཐོན་སྐྱེད་བྱས་མཐར་ཕྱིར་འཚོང་གི་ཁེ་སྤོགས་སྒོར་ཁྲི300ལྷག་མངོན་འགྱུར་བྱུང་ཡོད་པས་མ་ཚད། ལི་ཐང་གི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་འབབ་འཕར་སྒོར500ཐོག་སླེབས་པར་སྐུལ་འདེད་བཏང་བ་དང་ས་གནས་དེ་གའི་དུད་ཚང་དབུལ་ཕོངས་ཀྱི་ངལ་རྩོལ་མི་ལག་ལས་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་ཡུལ་སྐོར་ལས་རིགས་ཀྱི་མི་སྣར་གསོ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:མཛའ་གཞས་སླར་ཡང་དར་མདོར་ལེན།
  • དོ་སྣང་ཆེ་བའི་རྩོམ།