གསེར་ཐར་རྫོང་སྤྱི་བདེ་ཅུས་ཀྱིས་འགྲིམ་འགྲུལ་ཉེན་མེད་ཡོང་བར་ཤུགས་སྣོན་བརྒྱབ།

ཀུན་དབང་གིས།        2018-08-15

   ཁུལ་དང་རྫོང་གི་ཉེན་མེད་ཐོན་སྐྱེད“ཉིན་བརྒྱའི་འགག་སྒྲོལ”བྱེད་སྒོའི་སྤྱིའི་རེ་འདུན་མཐའ་དག་ལག་ལེན་དོན་འཁྱོལ་བྱེད་ཕྱིར། གསེར་ཐར་རྫོང་སྤྱི་བདེ་ཅུས་ཀྱི་འགག་སྒྲོལ་ལས་འགན་གྱི་དམིགས་འབེན་ལྟར། ཡོངས་ལ་ཁེབས་ཤིང་གཅིག་ཀྱང་མི་ལུས་པ།ལག་བསྟར་ནན་ཏན་དང་ཕན་ལྡན་གོ་ཆོད་ཀྱི་རེ་འདུན་བཞིན། གོམ་གང་མདུན་སྤོས་སྒོས་འགྲིམ་འགྲུལ་ཉེན་མེད་ལ་ཞིབ་བཤེར་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་རེད།

   རྫོང་དེའི་སྤྱི་བདེ་ཅུས་ཀྱི་མི་རེ་རེ་དང་འཕྲུལ་འཁོར་རིགས་རེ་རེ།ལམ་དང་ཁེ་ལས་སོགས་གཙོ་གནད་དུ་བཟུང་ནས། ཁ་གཏད་རང་བཞིན་གྱི་ཞིབ་བཤེར་བྱས་པ་སྟེ།གཅིག་ནི་མགོ་ཁུངས་ནས་བཟུང་བཅོས་སྐྱོང་བྱེད་པ། དངོས་ཟོག་སྐྱེལ་འདྲེན་དང་འགྲུལ་སྐྱེལ་རླངས་འཁོར་རིགས། དངོས་ཟོག་ཉེན་ཁ་ཅན་སོགས་སྐྱེལ་འདྲེན་བྱེད་མཁན་གྱི་ཁེ་ལས་ནས་གཙོ་བོར་བཟུང་ནས། ཉེན་མེད་དོ་དམ་ལམ་ལུགས་ལག་བསྟར་གྱི་གནས་ཚུལ་དཔེར་འཐེན་ཞིབ་བཤེར་བྱས་པ་དང་། གནས་ཡུལ་གཏན་ཁེལ་གྱི་མ་ལག་ལ་ལྟ་རྟོག་བྱེད་པ་གཙོ་བོར་འཛིན་པ། དངོས་ཟོག་ཉེན་ཁ་ཅན་སྐྱེལ་འདྲེན་གྱི་ཆོག་མཆན་ཐོབ་ཐང་ལ་དོ་དམ་དང་འགྲུལ་སྐྱེལ་རླངས་འཁོར་རིགས་འབབ་ཚུགས་ཀྱི་ཉེན་མེད་ཞིབ་བཤེར་ནན་པོ་བྱས་པ་རེད། གཉིས་ནི་འཕྲུལ་འཁོར་རིགས་ཀྱི་ཉེན་མེད་བྱེད་ནུས་ལ་ཞིབ་བཤེར་དང་དག་ཐེར་བྱས་པ་རེད། གསུམ་ནི་འགྲིམ་འགྲུལ་བཅོས་སྐྱོང་ཞུགས་པའི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་བྱས་པ་རེད། ཟོང་སྐྱེལ་དང་འགྲུལ་སྐྱེལ་རླངས་འཁོར་རིགས།འཕྲུལ་རྟ་བཅས་ཀྱི་ཁ་ལོའི་ཆོག་ཡིག་ལ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་པ་རེད། བཞི་ནི་འགྲིམ་འགྲུལ་དོན་རྐྱེན་བྱུང་གྲངས་མང་བའི་གཞུང་ལམ་དུ་ཞིབ་བཤེར་བྱས་པ་རེད། རྫོང་དེའི་མངའ་ཁོངས་ཀྱི་རྒྱལ་སྲུང་གཞུང་ལམ་དང་རྫོང་རིམ་པའི་གཞུང་ལམ་རྣམས་གཙོ་བོར་བཟུང་ནས། གཞུང་ལམ་ཉེན་མེད་སྲུང་སྐྱོང་གི་རེ་འདུན་ལྟར།ཁྱོན་ཡོངས་ནས་གཞུང་ལམ་གྱི་ཉེན་ཁར་ཞིབ་བཤེར་གནང་ཞིང་། ལྷག་པར་དུ་ཉེན་ཁ་ཅན་གྱི་ཁུག་སོ་དང་སྒང་གཤོང་། ཆུ་ལོག་ཡོང་ས་བཅས་སུ་འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་ས་ཁོངས་སུ་ལམ་རྟགས་དང་དྲན་སྐུལ།སྐྱོབ་ར་སོགས་ཉེན་འགོག་མཁོ་ཆས་སྒྲིག་འཇོག་བྱས་ཤིང་། འབྲེལ་ཡོད་སྡེ་ཁག་གིས་མགྱོགས་མྱུར་ངང་དོན་འཁྱོལ་ཡོང་བའི་ཐབས་ཇུས་ལག་བསྟར་བྱས་པ་རེད།།


  • ལེ་ཚན་སྔོན་མ།:2019ལོར་མཚོ་ལའི་ཕུག་ལམ་དུ་རླངས་འཁོར་གཏོང་ཐུབ་རེ་ཡོད།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་གིས་ཡུལ་སྐོར་ལས་རིགས་ཀྱི་མི་སྣར་གསོ་སྦྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།