བེ་ཤའི་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཐམས་ལམ་རྒྱ་སྐྱེད་བཏང་།

ཀུན་དགས་བསྒྱུར།        2018-08-13

    སྤྱི་ཟླ7པའི་ཚེས28ཉིན། གསར་འགོད་པས་ཀྲུང་གོའི་བེ་ཤའི་ཕ་ས་ཉག་ཆུ་རྫོང་ཧྲུན་ཧྥེང་མྱུར་སྐྱེལ་ས་ཚུགས་སུ་བེ་ཤ་སྐུར་མཁན་རྒྱུན་མི་ཆད་པ་ཡོང་བཞིན་པའི་རྣམ་པ་མཐོང་།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་ནི་སི་ཁྲོན་ཞིང་ཆེན་དང་རྒྱལ་ཡོངས་ཀྱི་བེ་ཤའི་ཐོན་ཁུལ་གཙོ་བོ་ཡིན་ཞིང་། ལོ་རེར་བེ་ཤ་ཏུན3000ལྷག་ཙམ་ཐོན་ཐུབ་པས་མ་ཚད་རྒྱལ་ཡོངས་ཀྱི་བེ་ཤའི་ཐོན་ཚད་བསྡོམས་འབོར་གྱི་བརྒྱ་ཆ60ཡན་ལ་ཟིན་གྱི་ཡོད། ད་ལོ་ནས་བཟུང་། རང་ཁུལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་དང་། བེ་ཤའི་ཐོན་ལས་རིམ་སྤོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བཅས་བྱས་ནས་མང་ཚོགས་ཕྱུག་འགྱུར་དང་ཡོང་འབབ་འཕར་ཐབས་ཀྱི་ལམ་བུ་གསར་པ་ཞིག་བཏོན་ཡོད་པ་རེད།

    ཚད་གཞི་འཛུགས་སྐྲུན་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་། ཁུལ་ཚོང་དོན་གཙོ་གཉེར་སྡེ་ཚན་གྱིས་རང་འགུལ་ངང་འགན་འཁྲི་འཁུར་ཏེ་ནུས་ཤུགས་ཡོད་རྒུས་བེ་ཤ་དང་དེའི་བཟོས་རྫས་སི་ཁྲོན་གྱི་ཚད་གཞི་བཟོ་བའི་ལས་དོན་ལ་སྐུལ་འདེད་བཏང་བ་དང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག《 སི་ཁྲོན་ཞིང་ཆེན་གྱི་ཉེན་མེད་བཟའ་བཅའ་སྐོར་གྱི་ས་གནས་ཀྱི་ཚད་གཞི་བེ་ཤ་དང་འདིའི་གྲུབ་རྫས》དེ་སྤྱི་ཟླ7པའི་ཚེས20ཉིན་ནས་དངོས་སུ་ལག་ལེན་བསྟར་བ་རེད། བེ་ཤ་རྫུན་མར་རྡུང་རྡེག་བཏང་ནས་རང་ཁུལ་དང་སི་ཁྲོན་གྱི་བེ་ཤའི་ཐོན་ལས་ལ་སྲུང་སྐྱོང་ནུས་ལྡན་དང་རྒྱུན་མཐུད་འཕེལ་རྒྱས་བཏང་བ་རེད།

    གཞི་རྟེན་དམ་འཛིན་དང་ཕྱིར་ཚོང་ལ་སྐུལ་འདེད་གཏོང་། དཀར་མཛེས་ཁུལ་གྱི་ལྷད་མེད་དངོས་རྫས་ཤར་གཏོང་འཆར་གཞིར་སྐུལ་འདེད་བཏང་ནས་བེ་ཤ་གཙོ་བོར་བྱས་པའི་དྲྭ་ཐོག་ཚོང་ལམ་རྒྱ་སྐྱེད་བཏང་ཡོད། ན་ལོའི་ཟླ་བ8པ་ནས10པའི་བར་རང་ཁུལ་གྱིས་དྲྭ་ཐོག་བེ་ཤ་བཙོང་ནས་ཐོབ་པའི་ཡོང་འབབ་སྒོར་ཁྲི1500ལ་ཟིན་པ་དང་། སྔོན་རྩིས་བྱས་པར་གཞིགས་ན་ད་ལོར་རང་ཁུལ་གྱི་ཐོན་ལས་དུད་ཚང་རེའི་ཆ་སྙོམས་འབབ་འཕར་སྒོར6000ལྷག་ལ་ཟིན་ཡོད་ཅིང་། བེ་ཤའི་ཐོན་ལས་ནི་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ལམ་བུ་གཙོ་བོ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་ཆབས་ཅིག དྭངས་གཙང་གི་དཀར་མཛེས་ཞེས་པའི་ཞིང་ལས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་མཚམས་སྦྱོར་དང་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་ནས་རྒྱལ་ཡོངས་ཀྱི་སྨྱན་སྦྱོར་ཆེན་པོ་ཁག་ཏུ་བེ་ཤ་གཙོ་བོར་བྱས་པའི་ཞིང་ལས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དྲིལ་བསྒྲགས་ཁྱབ་གདལ་བཏང་བ་རེད།

   ཐོན་ལས་ཤུགས་ཆེན་སྤེལ་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་། དཀར་མཛེས་ཁུལ་གྱིས་ཕྱི་ཕྱོགས་ཉོ་འཚོང་གི་རིགས་སྒྱུར་རིམ་སྤོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་བྱ་དགའ་སྤྲོད་པའི་བྱེད་ཐབས་བཟོས་ནས་ཧུར་ཐག་གིས་ཕྱི་ཕྱོགས་ཉོ་ཚོང་གི་ཁེ་ལས་ནང་འདྲེན་བྱས་ནས་རང་ཁུལ་འཕེལ་རྒྱས་ཡོང་བར་ཧུར་བརྩོན་བྱེད་བཞིན་ཡོད། ཁྱད་ཆོས་ལྡན་པའི་བེ་ཤའི་ཐོན་རྫས་གཙོ་བོ་ཕྱིར་གཏོང་བྱེད་ཁྱོན་རྒྱ་སྐྱེད་བཏང་ནས་མང་ཚོགས་འབབ་འཕར་དང་དབུལ་ཐར་འགག་སྒྲོལ་ཡོང་བར་རམ་འདེགས་བྱེད་བཞིན་མཆིས། དཀར་མཛེས་བེ་ཤ་དང་རི་སྐྱེས་ཤ་མོའི་རིགས་ཀྱི་ཚོང་ཟོག་ཉོ་ཚོང་ཁྲོམ་ར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ཞིང་ལས་ཐོན་རྫས་འཁོར་རྒྱུག་བྱེད་པའི་ཐབས་ལམ་རྒྱ་སྐྱེད་བཏང་བ་རེད།།


  • ལེ་ཚན་སྔོན་མ།:སི་ཁྲོན་དང་ཀོང་ཏུང་ཤར་ནུབ་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་མཉམ་འབྲེལ་གྲོས་ཚོགས་ཐེངས་གསུམ་པར་དར་མདོར་འཚོགས། 
  • ལེ་ཚན་རྗེས་མ།:ཕྱག་ཕྲེང་རྫོང་ལ་བེ་ཤའི་ཐོན་ལས་ཀྱི་འཁོར་འབྲེལ་ཆགས།
  • དོ་སྣང་ཆེ་བའི་རྩོམ།