སྒྲིག་འཛུགས་ཞིབ་ཚགས་དང་གནས་ཚད་མཐོན་པོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་འཛིང་ལས་ཀར་ལྟ་སྐུལ་ཁྲིད་སྟོན་བྱེད་པར་དང་ལེན་བྱ་དགོས།

སྐལ་ཐུབ་ཀྱིས་བསྒྱུར།        2018-08-13

   སྤྱི་ཟླ8པའི་ཚེས3ཉིན། རང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་འཛིང་ལས་ཀར་ལྟ་སྐུལ་ཁྲིད་སྟོན་བྱེད་པར་དང་ལེན་ཞུ་བའི་བཀོད་སྒྲིག་གྲོས་ཚོགས་འཚོགས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་འཛིང་ལས་ཀར་ལྟ་སྐུལ་ཁྲིད་སྟོན་བྱེད་པའི་གསོ་སྦྱོང་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བྱེད་ཅིང་། ཁུལ་ཡོངས་ཀྱི་ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་འཛིང་ལས་ཀ་སྤེལ་ཚུལ་ལ་ཕྱོགས་བསྡོམས་དང་མི་འདང་སར་དབྱེ་ཞིབ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་འཛིང་ལས་ཀར་ལྟ་སྐུལ་ཁྲིད་སྟོན་བྱེད་པར་དང་ལེན་ཞུ་བའི་འབྲེལ་ཡོད་ལས་ཀར་བཀོད་སྒྲིག་བཅས་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལའོ་ཀྲེན་ཧྭ་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་བ་རེད། 

   ལའོ་ཀྲེན་ཧྭས་བསྟན་དོན། ཁུལ་ཡོངས་ཀྱི་ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་འཛིང་ལས་ཀ་གནད་འགག་ཆེ་བའི་དུས་སྐབས་སུ་སླེབས་ཤིང་། རིམ་ཁག་དང་སྡེ་ཁག་གིས་གནས་ཚད་མཐོ་ཞིང་ནུས་ཤུགས་ཆད་མེད་བརྒྱབ་སྟེ་ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་འཛིང་ལས་ཀ་ཟབ་སྤེལ་ཧུར་ཐག་བྱ་དགོས། ཆེད་དོན་འཐབ་འཛིང་གིས་སྣེ་ཁྲིད་བྱས་པའི་འོག་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་དང་བདེ་ལྡན་ཁྲིམས་སྐྱོང་དཀར་མཛེས་ཁུལ་འཛུགས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏང་དགོས། 

   ལའོ་ཀྲེན་ཧྭས་ནན་གསུང་གནང་དོན། ཀྲུང་དབྱང་གི་ལྟ་སྐུལ་ཁྲིད་སྟོན་ཚོ་ཆུང་རང་ཁུལ་དུ་བཅའ་སྡོད་བྱས་ནས་ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་འཛིང་ལས་ཀར་ཁྱོན་ཡོངས་ནས་ལྟ་སྐུལ་ཁྲིད་སྟོན་བྱ་རན་ཡོད་པས། རིམ་ཁག་དང་སྡེ་ཁག་གིས་ཀྲུང་དབྱང་གི་ལྟ་སྐུལ་ཁྲིད་སྟོན་འཆར་འགོད་ཀྱི་ནང་དོན་ལག་ལེན་མཐར་ཕྱིན་བྱེད་ཅིང་གཙོ་གནད་དྲུག་གི་ལས་ཀའི་བླང་བྱར་དམིགས་ནས། དམིགས་འབེན་གསལ་པོ་དང་རམ་འདེགས་ཡག་པོ་བྱེད་ཅིང་། གནད་དོན་དབྱེ་ཞིབ་ནན་ཏིག་བྱེད་ཐོག་མི་འདང་ས་ཕྱོགས་བདུན་ལ་ཆད་གསབ་བྱས་ནས་ཀྲུང་དབྱང་གི་ལྟ་སྐུལ་ཁྲིད་སྟོན་བྱ་རྒྱུར་དང་ལེན་ཞུ་བའི་ལས་ཀ་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབ་དགོས། ལས་ཀའི་རྣམ་འགྱུར་དང་སྤྱོད་ཚུལ་གཟབ་ནན་ཡིན་པ་དང་། སྒྲིག་ལམ་ནན་པོས་ཆེད་དོན་འཐབ་འཛིང་ལས་ཀ་བདེ་བླག་ཏུ་འགྲུབ་པར་ཁག་ཐེག་བྱ་དགོས། 


  • ལེ་ཚན་སྔོན་མ།:རུ་སྟར་གྲུ་བཞི་ཆུང་ཆུང་ཐོག་ནས་དམག་དཔུང་གི་རྔམ་བརྗིད་ལྡན་པའི་རང་མདངས་མཚོན།
  • ལེ་ཚན་རྗེས་མ།:སི་ཁྲོན་དང་ཀོང་ཏུང་ཤར་ནུབ་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་མཉམ་འབྲེལ་གྲོས་ཚོགས་ཐེངས་གསུམ་པར་དར་མདོར་འཚོགས། 
  • དོ་སྣང་ཆེ་བའི་རྩོམ།