ཤུལ།

གངས་ཆར།        2018-08-10

ཉི་འོད་གསེང་གི་འཛུམ་མདངས།

ཁ་བ་དང་ལྷན་དུ་རླུང་བུའི་ལྡང་ཕྱོགས་ནས་ཕྱུང་།

ཆར་ཐིགས་འགའ་ས་ལ་ལྷུང་ཚུལ་འདི།

ཁ་བ་དཀར་པོའི་རྒས་ཚུལ་ཉག་ཅིག་ཡིན་ན།

གཉིད་ཤོར་ལ་ཉེ་བའི་འབྲོང་དར་མ།

ཆེས་བརྗིད་ཅིང་དབྱིངས་ཚ་བའི་འབྲོང་དར་མ་ཞིག

སྔ་མོ་ནས་འབྲོང་དར་མ་རེད་ལ།

ད་ལྟ་ཡང་ཁ་བའི་འབྲོང་དར་མ་རེད།

འབྲོང་དར་མ།

སྙིང་སྟོབས་ཤིག་གི་དན་རྟགས།

ཁ་བ་ལྟར་གྱི་མཛེས་སྡུག་དང་མཚར་སྡུག་ཅིག

བསམ་བསམ་ན།

ད་དུང་། འབྲོང་དར་མ་ལྟར་གྱི་མི་བུ་ཇི་ཙམ་ཡོད།

 

ཤུལ།

དབྱངས་གསལ་གྱི་ཤུལ།

རྒྱ་མཚོའི་ཁྲོད་ནས་ཐོས་པར་སྨོན།

ཆར་བ་དང་ལྷན་དུ།

ཤྭ་འོད་བཞིན་གང་སར་རྒྱུག་པར་སྨོན།

གད་སྙིགས་དང་མཉམ་དུ།

གང་སར་གཡུག་པར་སྨོན།

དད་པ་དང་ལྷན་དུ།

སྐོར་ལམ་ནས་མཇལ་བར་སྨོན།


  • ལེ་ཚན་སྔོན་མ།:དྲན་ངོགས་ཀྱི་ཁྱེད།
  • ལེ་ཚན་རྗེས་མ།:ཟླ་བ་སྒྲོལ་མ།