མཚལ་མདངས་བཀྲ་བའི་ཉག་རོང་།

        2018-08-09

 

མཚལ་མདངས་བཀྲ་བའི་ཉག་རོང་།

   སྤྱི་ཟླ8པའི་ཚེས6ནས8ཉིན་བར་རྒྱལ་ཡོངས་ཀྱི་ས་རིམ་དམར་པོ་དང་མཚལ་རི་ཆགས་ཚུལ་གྱི་རིག་གཞུང་བགྲོ་གླེང་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་དང་ཉག་རོང་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ཞིབ་འཇུག་བགྲོ་གླེང་གྲོས་ཚོགས་ཉག་རོང་རྫོང་དུ་འཚོག་འགོ་ཚུགས་པ་རེད།

ཐེངས་འདིའི་བགྲོ་གླེང་གྲོས་ཚོགས་ནི་ཀྲུང་གུང་ཉག་རོང་རྫོང་ཨུ་དང་རྫོང་སྲིད་གཞུང་། ཀྲུང་གོའི་ས་གཤིས་རིག་པའི་སློབ་ཚོགས་ས་རིམ་དམར་པོ་དང་མཚལ་རི་ཞིབ་འཇུག་ལས་དོན་ཚོ་ཆུང་། ཀྲུང་ཧྲན་སློབ་ཆེན་ས་གཤིས་ཚན་རིག་དང་འཆར་འགོད་སློབ་གླིང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་གཉེར་བྱས་ཤིང་།

མཚལ་མདངས་བཀྲ་བའི་ཉག་རོང་།

མཚལ་མདངས་བཀྲ་བའི་ཉག་རོང་།

   ཀྲུང་གུང་ཉག་རོང་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་ཉག་རོང་རྫོང་རིག་གནས་ཡུལ་སྐོར་དང་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་སྒྲུབ་འགན་ཁུར་བ་རེད། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ལས་ཁུངས། ཡུལ་སྐོར་བདག་གཉེར་སྡེ་ཚན་བཅས་ཀྱི་ས་རིམ་དམར་པོ་དང་མཚལ་རིའི་ཞིབ་འཇུག་ཆེད་རམས་པ80ལྷག་ཞུགས་ཡོད།

མཚལ་མདངས་བཀྲ་བའི་ཉག་རོང་།

   ཐེངས་འདིའི་བགྲོ་གླེང་གྲོས་ཚོགས་ཀྱི་གཙོ་དོན་ནི། ས་རིམ་དམར་པོ་དང་མཚལ་རིར་ཚན་རིག་ཞིབ་འཇུག་དང་དེའི་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོང་ཇི་ལྟར་བྱ་དགོས་པའི་སྐོར་ཡིན་པ་རེད།

མཚལ་མདངས་བཀྲ་བའི་ཉག་རོང་།

   ཆེད་རམས་པ་ཚོས་ས་རིམ་དམར་པོ་དང་མཚལ་རིའི་ས་བབ་ཀྱི་རྩ་བའི་རིགས་གཞུང་དང་ཐབས་ཤེས། ཞིབ་འཇུག་གནས་ཚུལ། ས་རིམ་དམར་པོ་དང་མཚལ་རིའི་ས་བབ་ཁུལ་གྱི་ཐོན་ཁུངས་ཁོར་ཡུག་སྲུང་སྐྱོང་དང་བེད་སྤྱོད་ཀྱི་རིགས་གཞུང་དང་ལག་ལེན་བཅས་ལ་གཞིར་བཟུང་ནས་རིག་གཞུང་བགྲོ་གླེང་བྱ་རྒྱུ་རེད།

མཚལ་མདངས་བཀྲ་བའི་ཉག་རོང་།

   གྲོས་ཚོགས་འཚོག་རིམ། ཆེད་རམས་པ་ཚོ་ད་དུང་མཚོ་འཕགས་སྨི4200ལྷག་ཡོད་པའི་བཞི་མདོ་ཡུལ་ཚོའི་མཚལ་རི་ཆགས་ཚུལ་ལྗོངས་ཁུལ་དུ་ཕྱིན་ནས་རྟོག་ཞིབ་བྱ་རྒྱུ་དང་། དེ་མིན་ཁམས་ཀྱི་ཟམ་པ་དང་པོ་སྟེ་སྤང་རིང་ཟམ་པ་དང་། ཁ་བ་ལུང་རི། ཀླུ་མོ་དགོན་སོགས་ལྗོངས་གནས་སུ་འགྲོ་རྒྱུ་རེད།


  • ལེ་ཚན་སྔོན་མ།:འདབ་པ་རྫོང་དཔྱིད་རེས་གྲོང་སྡེས་གསོ་སྤེལ་ལས་རིགས་འཕེལ་རྒྱས་བཏང་ནས་དབུལ་ཐར་ཡོང་རོགས་བྱས།
  • ལེ་ཚན་རྗེས་མ།: 2019ལོར་མཚོ་ལའི་ཕུག་ལམ་དུ་རླངས་འཁོར་གཏོང་ཆོག
  • དོ་སྣང་ཆེ་བའི་རྩོམ།