མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྱོང་ཇེ་མགྱོགས་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2018-08-09

   ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར། བོད་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྔར་བས་སྐུལ་འདེད་གཏང་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་དང་སྨན་རྫས་ཐོན་རྫས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཏོན་ནས 2020ལོར་བསླེབ་དུས་བོད་སྨན་བཟོ་སའི་རྒྱུ་ཆ་འདོན་སྤྲོད་འདང་ངེས་དང་། གསར་གཏོད་བྱེད་ནུས་ཇེ་དྲག ཐོན་ལས་ཚོང་འབྲེལ་ཅུང་འཐུས་སྒོ་ཚང་བ་ཡིན་པའི་དེང་རབས་བོད་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་ཀྱི་མ་ལག་ཞིག་འཛུགས་སྐྱོང་བྱ་རྒྱུ་ཡིན་པ་རེད། 2025ལོར་བསླེབ་དུས་རྒྱལ་ཡོངས་སུ་བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་གཙོ་ཁྲིད་ཀྱི་གོ་གནས་སྔར་བས་སྲ་བརྟན་དུ་གཏང་རྒྱུ་དང་། ཁྱོན་ཡོངས་ནས་བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྱོང་བྱ་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་ཀྲུང་ལུགས་སྨན་རྒྱུ་དང་བོད་ལུགས་སྨན་རྒྱུའི་ཐོན་ཁུངས་ལ་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་ནུས་ཇེ་མཐོ་རུ་གཏོང་བ། བོད་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་འཕེལ་རྒྱས་གཏོང་བའི་རིམ་པ་དང་ཆུ་ཚད་མཐོ་རུ་གཏོང་བ། བོད་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་སྒྱུར་བ་དང་རིམ་སྤོར་བར་སྐུལ་འདེད་གཏོང་བ། བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་ཚད་ལྡན་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱེད་པ། བོད་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་སྣ་མང་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། བོད་ལུགས་གསོ་རིག་དང་སྨན་རྫས་ཀྱི་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ། བོད་ལུགས་གསོ་རིག་དང་སྨན་རྫས་འཕེལ་རྒྱས་གཏོང་ཁོངས་རྒྱ་སྐྱེད་གཏོང་བ་བཅས་ལས་འགན་གཙོ་བོ་བརྒྱད་གྲུབ་པར་ཤུགས་བརྒྱབ་སྟེ་སྔར་བས་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་འཕེལ་རྒྱས་གཏོང་བའི་སྤུས་ཚད་དང་ཕན་འབྲས་ཇེ་ཡག་ཏུ་གཏོང་གང་ཐུབ་བྱ་རྒྱུ་ཡིན་པ་རེད།

    མིག་སྔར་ཞིང་ཆེན་ཡོངས་སུ་རྒྱ་བོད་སྨན་རྫས་ཀྱི་ཐོན་ཁུངས་ཁག1294ཡོད་པ་དང་། དེའི་ནང་རྩི་ཤིང་གི་སྨན་རིགས1087དང་། སྲོག་ཆགས་ཀྱི་སྨན་རིགས150 གཏེར་རྫས་སྨན་གྱི་རིགས57བཅས་ཡོད་པ་རེད། རྒྱ་བོད་སྨན་རྫས་ཀྱི་འདེབས་འཛུགས་ཁྱབ་ཁོངས་དེ་དང་ཐོག་གི་ཤར་རྒྱུད་ཀྱི་ཞིང་ལས་ས་ཁུལ་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོར་རྒྱ་བསྐྱེད་བཏང་ཡོད། ཐང་མགོའི་ལྕུམ་ཆེན་དང་། སྤྲུ་ནག ཀྱི་ལྕེ། འཕང་འབྲས། ཤིང་མངར་སོགས་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞི་བསྐྲུན་ཚར་བ། འདེབས་འཛུགས་དང་གསོ་སྐྱོང་བྱེད་ཁྱོན་མུའུ་ཁྲི300ལ་ཉེ་བ་ཡོད་པ་རེད། མིག་སྔར་མཚོ་སྔོན་ལ་བོད་ལུགས་གསོ་རིགས་ཐོན་རྫས་ཀྱི་ཁེ་ལས19ཡོད། རྒྱལ་ཁབ་ཀྱིས་ཆོག་མཆན་བཀོད་པའི་བོད་སྨན་གྱི་ཆོག་མཆན་ཡིག་ཆའི་ཨང་རྟགས210དང་། རིགས176 ཡོད་པ།“ཨ་རུ”“ཆིན་ཀྲུ”“འགྱུར་མེད”སོགས་གྲགས་ཅན་སྤུས་རྟགས་ཀྱི་སྨན་རྫས་གསོ་སྐྱོང་བྱས་ཡོད་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་དང་སྨན་རྫས་ཐོན་རྫས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར26ལ་ཟིན་ཡོད་པ་དེ་རྒྱལ་ཡོངས་བོད་ལུགས་གསོ་རིག་དང་སྨན་རྫས་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་བརྒྱ་ཆ44བཟུང་བ་རེད། བོད་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་འཕེལ་རྒྱས་གཏོང་བའི་གཞི་ཁྱོན་དང་ཕྱོགས་བསྡུས་སྟོབས་ཤུགས་ནི་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:པེ་ཅིན་ཞེ་ཧོ་སྨན་ཁང་གིས་གསོ་སྐྱོང་རང་བཞིན་གྱི་བོད་སྐྱོར་སྨན་བཅོས་ལ་འཚོལ་ཞིབ་བྱས་ཏེ་ལོ་རྟག་པར་བོད་རིགས་ས་ཁུལ་གྱི་སྨན་པ་སྟོང་ཙམ་ལ་ཕན་པ་ཐོབ།
  • ལེ་ཚན་རྗེས་མ།:2018ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་ཀྲུང་དབྱང་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཁྲི2.5ཙམ་ཞིབ་གཅོད་བྱས་ཏེ་མི་ཁྲི3.6ལྷག་ཐག་གཅོད་བྱས་ཡོད།
  • དོ་སྣང་ཆེ་བའི་རྩོམ།